གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 14:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་10ཚེས་8ཉིན། ཀོང་ཏུང་ཀྲའོ་ཆིང་ཏིང་ཧུའུ་ཆུས་མི་དམངས་སྲིད་གཞུང་དམག་བསྡུ་གཞུང་ལས་ཁང་གིས་《ཧོང་ཆེ་གེ་མོས་དམག་ཞབས་དང་ལེན་མི་བྱེད་པའི་ཆད་གཅོད་གནས་ཚུལ་སྐོར་གྱི་བརྡ་ཁྱབ་》ཁྱབ་བསྒྲགས་བྱས་པ་སྟེ།
ཧོང་ཆེ་གེ་མོ། སྐྱེས་པ། རྒྱ་རིགས། ཏིང་ཧུའུ་ཆུས་ཡུང་ཨན་གྲོང་རྡལ་ནས་ཡིན། སློབ་ཆེན་གྱི་དངོས་གཞིའི་སློབ་གནས་ཡོད། 2025ལོའི་ལོ་སྟོད་དུ་རང་མོས་ངང་དམག་ཞུགས་མིང་ཐོ་བཀོད་པ་དང་། ལུས་ཕུང་ཞིབ་བཤེར་དང་ཆབ་སྲིད་དཔྱད་ཞིབ། དམག་ཞབས་མ་བྱས་གོང་སློབ་གསོ་ཚད་ལོན་བཅས་བྱས་རྗེས་2025ལོའི་ཟླ་3པར་དམག་ཞུགས་ཆོག་མཆན་སྤྲད་ནས་བོད་ལྗོངས་སྐམ་དམག་གི་མདའ་ཤོག་ག་གེ་མོ་ཞིག་ཏུ་དམག་ཞབས་ཞུ་བར་ཕྱིན། ཧོང་ཆེ་གེ་མོ་དམག་དཔུང་དུ་ཞུགས་རྗེས། དམག་ཞབས་ཞུ་བའི་རྣམ་འགྱུར་ངན་པ་དང་། དམག་དཔུང་གི་སློབ་གསོ་སྦྱོང་བརྡར་དང་རྒྱུན་ལྡན་གྱི་དོ་དམ་ལ་མི་གོམས་པས། གནས་སའི་དམག་དཔུང་དང་། ཆུས་དམག་བསྡུ་གཞུང་དོན་ཁང་། གཞི་རིམ་དྲག་ཆས་པུའུ། དེའི་གཉེན་ཉེ་བཅས་ཀྱིས་སྲིད་ཇུས་ཐེངས་མང་གསལ་བཤད་བྱས་པ་དང་། སློབ་གསོ་དང་ཁྲིད་སྟོན་ཡང་ཡང་བྱས་རུང་ཧོང་ཆེ་གེ་མོས་སྔར་བཞིན་དམག་ཞབས་ཞུ་བའི་རྣམ་འགྱུར་ཡོ་བསྲང་བྱས་མེད་པ་དང་། དམག་ཞབས་མི་ཞུ་བ་དང་རུ་ཁག་ནས་འབུད་རྒྱུའི་རྣམ་འགྱུར་བརྟན་པོ་བསྟན་པ་དང་། དམག་ཞབས་མི་ཞུ་བ་ལས་བྱུང་བའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཡོད་ཚད་འཁུར་འདོད་ཡོད་ལུགས་བཤད། དེ་རྗེས་ཧོང་ཆེ་གེ་མོ་གནས་སའི་དཔུང་སྡེས་《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྒྲིག་ཁྲིམས་བཀའ་རྒྱའི་(ཚོད་སྤྱོད།)》འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཧོང་ཆེ་གེ་མོ་ཡི་མིང་ཐོ་ཕུད་པའི་ཆད་པ་བཅད་པ་དང་འབྲེལ་ཕ་ཡུལ་དུ་ཕྱིར་ལོག་པར་བཅུག
བཅའ་ཁྲིམས་སྒྲིག་ཁྲིམས་ནན་པོ་དང་མི་གཞན་ལ་ཉེན་བརྡ་དང་སློབ་གསོ་གཏོང་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་བཅའ་ཁྲིམས།》《དམག་བསྡུ་ལས་ཀའི་སྲོལ་ཡིག》《དམག་ཞུགས་དམག་གསར་པས་དམག་ཞབས་དང་ལེན་མི་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས།》(དམག་བཀོལ།[2018]ཨང་238པ།)སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡིག་ཆའི་གཏན་འབེབས་གཞིར་བཟུང་ཆུས་མི་དམངས་སྲིད་གཞུང་གིས་ཧོང་ཆེ་གེ་མོར་གཤམ་གསལ་གྱི་ཆད་པ་གཅོད་རྒྱུ་དང་འབྲེལ་ལྗོངས་ཡོངས་ལ་བརྡ་ཁྱབ་གཏོང་རྒྱུ།
1.ཧོང་ཆེ་གེ་མོ་རྒྱལ་སྲུང་འོས་འགན་ལག་བསྟར་བྱེད་པའི་ཡིད་རྟོན་ཚབས་ཆེན་འགལ་བའི་བྱེད་པོའི་མིང་ཐོའི་ནང་འཇུག་རྒྱུ་དང་། མི་སྒེར་གྱི་ཡིད་རྟོན་ཟིན་ཐོ་ནང་འཇུག་པ་མ་ཟད། སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལས་སྟེགས་བརྒྱུད་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོངས་བསྒྲགས་མཉམ་སྤྱོད་བྱས་ཏེ་ཁོ་པའི་ཡིད་རྟོན་ཚབས་ཆེན་གྱི་བྱ་སྤྱོད་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱེད་དགོས།
2.ཧོང་ཆེ་གེ་མོ་དང་དེའི་ཁྱིམ་ཚང་གི་འོས་འགན་དམག་གི་གཟིགས་སྐྱོང་ཕྱིར་འཐེན་བྱས་ཏེ། ཏིང་ཧུའུ་ཆུས་ཀྱི་2025ལོའི་འོས་འགན་དམག་གི་ཁྱིམ་ཚང་གཟིགས་སྐྱོང་དངུལ་(སྒོར་14968)གྱི་ལྡབ་གཉིས་ཀྱི་ཚད་གཞི་ལྟར་ཐེངས་གཅིག་དུ་དངུལ་ཆད་སྒོར་29936ཆུས་མི་དམངས་སྲིད་གཞུང་གི་ནོར་སྲིད་རྒྱལ་མཛོད་དུ་སྤྲོད་རྒྱུ་དང་། གལ་ཏེ་དངུལ་ཆད་མ་སྤྲད་ན་ཆུས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱ་རྒྱུའི་རེ་ཞུ་བྱེད་དགོས།
3.གཞུང་ཞབས་པར་བསྡུ་མི་ཆོག་པའམ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་》གཞིར་བཟུང་དོ་དམ་བྱེད་པའི་ལས་དོན་མི་སྣར་བསྡུ་མི་ཆོག་པ་དང་། གཞུང་དབང་ཁེ་ལས་དང་བྱ་ལས་སྡེ་ཚན་གྱི་ལས་དོན་མི་སྣར་བསྡུ་མི་ཆོག་པ་དང་གདན་ཞུ་བྱས་མི་ཆོག
4.རྒྱུན་སྡོད་མི་འབོར་གྱི་ཆ་འཕྲིན་མ་ལག་དང་ཧོང་ཆེ་གེ་མོ་ཡི་སྤྱི་དམངས་ཐེམ་ཐོའི་“དམག་ཞབས་སྒྲུབ་པའི་ལེ་ཚན་”ནང་“དམག་ཞབས་དང་ལེན་མི་བྱེད་པ་”ཞེས་ཚེ་གང་པོར་ཡི་གེ་གསལ་པོར་བཀོད་རྒྱུ་དང་། ལོ་གཉིས་ནང་ཕྱི་རྒྱལ་(ཁོངས)ལ་འགྲོ་བའི་འགྲོ་ལུགས་སྒྲུབ་མི་ཆོག
5.ལོ་གཉིས་ནང་སློབ་འཕར་(སློབ་གྲྭར་བསྐྱར་ཞུགས།)བྱེད་པའི་འགྲོ་ལུགས་བསྒྲུབ་མི་ཆོག
6.གསར་འགྱུར་སྨྱན་སྦྱོར་བརྒྱུད་ནས་ཧོང་ཆེ་གེ་མོ་ཡིས་དམག་ཞབས་དང་ལེན་མ་བྱས་པའི་བྱ་སྤྱོད་དང་ཆད་པ་བཅད་པའི་འབྲས་བུ་ཆུས་ཡོངས་ལ་བརྡ་ཁྱབ་གཏོང་དགོས།