གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་09ཉིན། 14:41】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་8ཉིན། སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས་2025ལོའི་ནོའུ་པེར་རྫས་འགྱུར་བྱ་དགའ་པེ་ཁྲོན་ཅིན་(Susumu Kitagawa)དང་། ལི་ཁྲ་ཏེ་·ལུའོ་པུའུ་སེན་(Richard Robson)དེ་བཞིན་ཨའོ་མར་·M.ཡ་ཅི་(Omar M.Yaghi)བཅས་ཚན་རིག་པ་གསུམ་ལ་སྤྲད་དེ་ཁོང་ཚོའི་ལྕགས་རིགས་སྐྱེ་ལྡན་རུས་སྒྲོམ་གསར་སྤེལ་ཁྱབ་ཁོངས་གྱི་ལེགས་སྐྱེས་ལ་གཟེངས་བསྟོད་བྱས་ཡོད་པ་རེད།
བྱ་དགའ་ཐོབ་མཁན་གསུམ་པོར་སུའེ་ཏེན་ཁེ་ལང་ཁྲི་110(མི་དམངས་ཤོག་སྒོར་ཁྲི་836ཙམ་དང་མཚུངས་)གྱི་བྱ་དགའ་འདྲ་མཉམ་ངང་བགོ་བཤའ་རྒྱག་རྒྱུ་རེད།