འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་10ཉིན།

༄༅།།“རྒྱུག”དང“འབོར”གཉིས་སྤྱོད་མཁས་པོ་བྱས་པ།

ཕེང་ཧྥེ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་10ཉིན། 10:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ས་གནས་མི་ཉུང་བས་དྲ་རྒྱའི་རྒྱུག་འབོར་ལ་བརྟེན་ནས་ས་གནས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དེ། རྒྱུག་འབོར་དཔལ་འབྱོར་གྱི་རྣམ་པའི་གྲས་ཤིག་ཏུ་གྱུར་ཡོད།

     “རྒྱུག”ནི་དྲ་རྒྱའི་རྒྱུག་གཅིག་པུ་མིན་པར་དེའི་ནང་ད་དུང་རྒྱུ་རྐྱེན་གཙོ་བོའི་རྒྱུག་སྣ་ཚོགས་ཀྱང་ཚུད་ཡོད། ཧྲང་ཧའེ་ཡིས་རྒྱུག་འབོར་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་པའི་དམིགས་ཡུལ་ནི་མ་དངུལ་གྱི་རྒྱུག་དང་། དངོས་ཟོག་གི་རྒྱུག ལག་རྩལ་གྱི་རྒྱུག ཤེས་ལྡན་པའི་རྒྱུག་སོགས་རྒྱུ་རྐྱེན་གཙོ་བོ་འགུལ་ཚད་མཐོ་པོས་རྒྱུག་སྒྱུར་དང་ནུས་ཕྱོད་ཆེན་པོས་རིན་ཐང་འཕར་བར་སྐུལ་འདེད་དེ་བས་ཡག་པོ་གཏོང་རྒྱུ་དེ་རེད། ས་གནས་ཁག་གི་ཐོན་ཁུངས་མི་འདྲ་ཞིང་། འགག་རྩ་དེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་གཅིག་སྡུད་དང་རྒྱུན་འཁོར་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འདོན་རྒྱུར་ཐུག་ཡོད།

     “འབོར”ལས་སྤུས་ཚད་མཐོ་པོ་དེ་བས་ཀྱང་མཚོན་གྱི་ཡོད། ཧེ་ལུང་ཅང་ཧར་པིན་གྱིས་སྲིད་གཞུང་གིས་ཁོར་ཡུག་གཉེར་སྐྱོང་དང་། ཁེ་ལས་ཀྱིས་ཁྲོམ་ར་གཉེར་སྐྱོང་། མི་སེར་གྱིས་རིག་གནས་གཉེར་སྐྱོང་བཅས་བྱེད་པའི་རྣམ་པར་བརྟེན་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱས་ནས“འར་པིན་ཚ་རླབས”ཀྱི་དགུན་དུས་ཀྱི་ཚད་བཀག་ལས་བསྒྲལ་བ་དང་། ཧྲན་ཏུང་ཙི་པོ་ཡིས་ལོ་དེའི“བསྲེགས་ཟས་ཆེད་ལས་འཛིན་གྲྭའི”ཞབས་ཞུའི་ཉམས་མྱོང་དེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་དངོས་སྒྲུབ་ཀྱི་བྱ་སྤྱོད་ལ་བསྒྱུར་ཡོད། རྒྱུག་འབོར་ལས་བྱུང་བའི་འབོར་འགྱུར་དེ་ངོ་འགྱུར་ཕྱོགས་ལ་འགྱུར་རྒྱུར་སྐུལ་འདེད་བཏང་ན་གཞི་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་དེ་བས་ཆེ་རུ་འགྲོ་རྒྱུ་རེད།

     ཡུལ་བབ་དང་བསྟུན་ནས་རྒྱུ་རྐྱེན་གཙོ་བོའི་རྒྱུག་འབོར་དངོས་ཆགས་པ་དང་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ན། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་འགྲོ་ངེས་རེད།