འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་10ཉིན།

༄༅།།གྲོང་གསེབ་ཡུལ་སྐོར་འཁྲུག་ཆ་དོད། ཞིང་སྡེའི་གསོན་ཤུགས་རྫོགས་མཐའ་མེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་10ཉིན། 10:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཧའོ། ཏེང་ཅན་དབྱང་།

     རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གུང་གསེང་རིང་གྲོང་གསེབ་ཡུལ་སྐོར་རྒྱུན་མཐུད་ངང་འཁྲུག་ཆ་དོད་དུ་སོང་བ་དེ་གུང་གསེང་རིང་འཛད་སྤྱོད་ཀྱི་བཀྲག་མདངས་འཚེར་ས་གསར་པ་དང་རིག་གནས་དང་ཡུལ་སྐོར་བྱེད་སྒོའི་དར་སོ་གསར་པ་ཞིག་ཏུ་གྱུར་ཡོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་གསེབ་ཡུལ་སྐོར་དང་། སྤྲོ་གསེང་ཞིང་ལས། རིག་གནས་ཉམས་ལེན། བདེ་ཐང་རྒན་གསོ། དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་མྱུར་ཚད་དགོས་ལ་སྤུས་ཚད་དེ་བས་ཀྱང་མཐོ་པོ་ཡོད་དགོས་པ་དང་སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པ་དགོས”ཞེས་གསུངས་ཡོད།

     གྲོང་གསེབ་ཏུ་ཡུལ་སྐོར་ལ་ཡོང་མཁན་མང་བ་དང་ཞིང་སྡེར་གསོན་ཤུགས་ཀྱིས་ཁེངས་པ་ལས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་སྒུལ་ཤུགས་ཆེན་པོ་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་མངོན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། གྲོང་གསེབ་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ན་ནིང་རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་9000ཡས་མས་ཟིན་ཡོད།

ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་བཏོད་པ།

     ཧྭ་པེའི་ཞིང་ཁྱིམ་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆུ་ཁོངས་བར་དང་རི་ཆུར་མྱོང་རོལ་ནས་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བྱེད་པའི་བར། ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་ཡུལ་སྐོར་བས“སྙན་ངག་དང་རྒྱང་རིང”ལ་བཅངས་པའི་རེ་སྨོན་མཚོན་ཡོད།

    དགོས་མཁོར་བལྟས་ན། “རྫོང་དུ་ཡུལ་སྐོར་བྱེད་པ”དང“གྲོང་གསེབ་ཏུ་ཡུལ་སྐོར་བྱེད་པ”དར་སོ་བྱུང་བ་དང་། གྲོང་ཁྱེར་ཆུང་ངུར་ཡུལ་སྐོར་བྱེད་མཁན་མང་བས་གྲོང་གསེབ་དེ་བས་འཁྲུག་ཆ་དོད་པར་གྱུར།

འབྲི་ཆུའི་འགག་གསུམ་གྱི་མཚོ་འགག་དང་པོ་དང་ཆུས་ཡོན་གྱི་ཕ་ཡུལ་ཡིན་པའི་ཧུའུ་པེ་ཞིང་ཆེན་ཙི་ཀུའེ་རྫོང་དུ་ཡུལ་སྐོར་བའི་རྒྱུན་ཆད་ཀྱི་མེད།

     རྔ་དང་རོལ་ཆའི་སྒྲའི་ཁྲོད་འཁྲབ་སྟོན་པ་60ལྷག་ཙམ་གྱིས་གླུ་ལེན་གར་འཁྲབ་བྱེད་ཅིང་། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ཙི་ཀུའེ་ཅིའུ་ཀོ་ཁྲོམ་གཞུང་དུ་གནའ་བོའི་རོལ་དབྱངས་དང་དམངས་སྲོལ་རྩལ་རྩེད་སོགས་འཁྲབ་སྟོན་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།

ཅང་ཤིས་ཞིང་ཆེན་ཐུང་ཀུའུ་རྫོང་ཕིང་ཐེན་གྲོང་ཚོར་ཤིང་འབྲས་སྡོང་པོར་ཤིང་ཏོག་ཨ་མྲ་བྱུར་བུར་བཏགས་པ་དང་ཞིང་ནང་དུ་ཆུ་འབྲས་ཀྱི་སྐྱེ་འཚར་ཡག་པོ་ཡོད།

     “གྲོང་ཚོའི་ནང་ད་ལོ་འབྲས་ཞིང་ཞིབ་སྦྱོང་ཁུལ་དང་ཁམ་བུ་འཐུ་བསྡུའི་ལྡུམ་ར་གསར་དུ་བཏོད་པ་དང་། ཟླ་10ཚེས་1ཉིན་ནས་ཚེས་7ཉིན་བར་ཡུལ་སྐོར་བ་ཁྲི་2.8ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད”ཉིན་དེ་དག་རིང་། ཕིང་ཐེན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཅི་ཧུའེ་ཡིས་ཡུལ་སྐོར་བར་སྣེ་ཤན་བྱས།

     བྲེལ་བྲེལ་འཚུབ་འཚུབ་ངང་ཡུལ་སྐོར་བྱེད་པ་ནས་གྲོང་གསེབ་ཀྱི་བག་ཕེབས་འཚོ་བ་ཉམས་ལེན་བྱེད་པའི་བར། ཞིང་སྡེའི་མཛེས་ལྗོངས་དང་། སྙན་ངག་ལྟ་བུའི་རི་ཆུ། དམངས་སྲོལ་གོམས་འདྲིས་བཅས་ཡུལ་སྐོར་བའི་ཡིད་སྨོན་བྱ་ཡུལ་དུ་གྱུར་ཡོད། མོས་འདེམས་ཀྱི་ཡུལ་སྐོར་གྲངས་གཞི་ལས་མངོན་པར། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྫོང་ཁོངས་ཡུལ་སྐོར་གྱི་འཛད་སྤྱོད་སྔོན་མངགས་མངགས་ཐོ་ན་ནིང་གི་དུས་མཚུངས་ལས་51%འཕར་ཡོད་པ་རེད།

     མཁོ་སྤྲོད་ལ་བལྟས་ན། གྲོང་གསེབ་ནི་ཞིང་ལས་ཁོ་ན་གཉེར་ཡུལ་ཙམ་མ་ཡིན་པར་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས། དམངས་སྲོལ་གནས་ཚང་དཔལ་འབྱོར་དང་། སྒར་སྡོད་དཔལ་འབྱོར། སྐར་ཚོགས་དཔལ་འབྱོར་སོགས་ཀྱི་ལས་རྣམ་གསར་དུ་སྐྱེད་སྲིང་བྱས་ཡོད།

གནའ་ཉམས་དང་དར་སོ་མཉམ་འདྲེས་བྱས་ནས་འཛད་སྤྱོད་ཀྱི་ཉམས་ལེན་གསར་པ་དང་རྣམ་པ་གསར་པ་བཏོད་པ།

      “གནའ་ཉམས་དོད་ལ་དར་སོ་ཆེ་བའི”ཁྲོད་གྲོང་གསེབ་རིག་གནས་ཀྱི་རྒྱུན་མཐུད་དང་གསར་དར་འདུས་ཡོད་ལ་གྲོང་གསེབ་ཡུལ་སྐོར་གྱི་ཡིད་དབང་འགུག་ནུས་དང་མི་མངོན་པའི་སྟོབས་ཤུགས་ཀྱང་འདུས་ཡོད།

སྲོལ་རྒྱུན་གྱི་གྲོང་གསེབ་རིག་གནས་དང་དེང་རབས་ཀྱི་ཤེས་དཔལ་མཉམ་འདྲེས་བྱུང་ནས་གནའ་གྲོང་ཡུལ་སྐོར་དང་། དམངས་སྲོལ་ཡུལ་སྐོར། མངོན་མིན་རིག་གནས་ཤུལ་བཞག་ཡུལ་སྐོར་སོགས་གྱི་ལ་གསོན་ཤུགས་གསར་པ་མངོན་ཡོད།

     མིས་བཟོས་གཙང་པོའི་ངོགས་ཀྱི་ཀྲེ་ཅང་ཞིང་ཆེན་ཐུང་ཤང་གྲོང་ཁྱེར་ཕུའུ་ཡོན་གནའ་གྲོང་དུ་ཧང་ཀྲོའུ་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཅུན་ལེང་གིས་ཕྲུ་གུ་ཁྲིད་དེ་དྲི་ཞིམ་ཁུག་མ་བཟོ་བཞིན“ང་ཚོ་ནང་མི་ཚང་མས་སྔ་སྣུར་དུ་ཡུལ་སྐོར་འཆར་གཞི་བཀོད་པ་ཡིན། ཡུལ་དེའི་སྲོལ་རྒྱུན་རིག་གནས་ལ་ཉམས་ལེན་གང་ལེགས་བྱེད་བསམ་བྱུང”ཞེས་བརྗོད།

     ཧྲའན་པེར་ཞབས་བྲོ་དབྱང་ཀོ་ལ་ལྟ་བ་དང་ཀུའེ་ཀྲོའུ་རུ་ཏུང་རིགས་ཀྱི་གཞས་ཉན་པ་ལ་སོགས་རིག་གནས་ཀྱི་ཉམས་འགྱུར་གྱིས་ཕྱུག་པ་དག་ལས་གྲོང་གསེབ་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་། རྒྱུན་འཛིན། སྔོག་འདོན་བཅས་བྱས་པ་མངོན་ཡོད། མིག་སྔའི་བར་རང་རྒྱལ་དུ་ཁྱོན་གྲོང་ཚོ་8155ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་གི་མིང་གཞུང་ནང་བཅུག་པ་དང་འབྲེལ་སྒོ་བྱང་བཀལ་ནས་སྲུང་སྐྱོང་བྱེད་པ་དང་། ས་གནས་ཁག་གིས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་ཁྲི་1.29བསྐྲུན་ཏེ་འབྲེལ་ཡོད་ཐོན་ལས་ཀྱི་མི་ཁྲི་120ལྷག་ཙམ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

     གྲོང་གསེབ་རིག་གནས་དར་རྒྱས་ཀྱིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཏེ། ཞིང་པར་འབབ་འཕར་ཡོང་བ་མ་ཟད་འཇོན་ཐང་ཡང་ཆེ་རུ་ཕྱིན་ཡོད། 2025ལོའི་ཧུའུ་པེའི་གྲོང་གསེབ་ཀྱི་བསམ་བཀོད་འཚོ་བའི་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་ནས་ཞིང་ལས་ཐོན་རྫས་འགྲེམས་ཚོང་དང་། གྲོང་གསེབ་ཀྱི་ཞིམ་ཟས་མྱོང་རོལ། ཞིང་ལས་རིག་གནས་ཉམས་ལེན་སོགས་བཏོན་ཡོད་པ་རེད། རྒྱལ་ཡོངས་ཀྱི་རྒྱལ་སྟོན་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཟླ་བའི་རིང་། ས་གནས་ཁག་གིས་འཁྲབ་སྟོན་དང་ཟློས་གར་ལ་ལྟ་བ་དང་། ཟླ་མཆོད་དུས་ཆེན་གྱི་མཉམ་འཛོམས། རིག་གནས་ཉམས་ལེན་སོགས་ལ་དམིགས་ནས་རིག་གནས་དང་ཡུལ་སྐོར་བྱེད་སྒོ་ཐེངས་ཁྲི་2.9ལྷག་ཙམ་གཉེར་བ་དང་འཛད་སྤྱོད་ཁ་གསབ་སྒོར་དུང་ཕྱུར་4.8ལྷག་ཙམ་སྤྲད་ནས་རིག་གནས་ཡུལ་སྐོར་དང་བཟའ་བཏུང་དང་། ཞག་སྡོད། སིལ་ཚོང་། ལུས་རྩལ་སོགས་ཐད་མཉམ་འགུལ་དང་ཕན་ཚུན་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཕྱོགས་གཉིས་ནས་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།

     ཡུལ་སྐོར་བས་ཞིང་ཁའི་རྣང་མིག་ལ་འཆམ་འཆམ་བྱེད་པ་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་སྒོ་ཕྱེ་ནས་མགྲོན་པོ་བསུས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བྱུང་ནས་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་གནམ་ས་གསར་པ་བཏོད་པ་མ་ཟད། མངོན་མེད་ནུས་པའང་འདོན་སྤེལ་ཆེན་པོ་ཐུབ་ཡོད།

     གྲོང་གསེབ་ཡུལ་སྐོར་རྒྱུན་མཐུད་འཁྲུག་ཆ་དོད་པོ་བྱུང་བ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རྒྱུན་མཐུད་ཆུང་དུ་ཕྱིན་པའི་བསྡུས་རིས་ཤིག་རེད།

     ཐའེ་ཧང་དུ་སྟོན་ཉམས་ཡོངས་སུ་རྒྱས་ཤིང་། “ཉིན་མོར་འཁྲབ་སྟོན་ལ་ལྟ་ཐུབ་པ་མ་ཟད། མཚན་མོར་ཡང་མཚན་ལྗོངས་ལ་རོལ་ཆོག་པས་དངོས་གནས་སྐྱིད་པོ་འདུག”ཧོ་པེ་ཞིང་ཆེན་ཧྲེ་རྫོང་ཏ་ཝ་གྲོང་ཚོའི“ལི་ཧྲན་རི་ཁུག་འགྲུལ་ཁང”གི་ལྗོངས་གཟིགས་སྒང་དུ་པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་ཞུས་ཀྲི་དབྱང་གིས་གྲོགས་པོ་ཚོར་མཛེས་ལྗོངས་མཉམ་སྤྱོད་བྱེད་བཞིན་དེ་ལྟར་བརྗོད།

    “གྲོང་ཚོའི་ནང་ཡུལ་སྐོར་གསང་སྤྱོད་དང་། གློག་སྡོང་། ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བསྐྲུན་ཡོད་པས་ཡུལ་སྐོར་བ་ཡོང་འདོད་བྱེད་ཀྱི་འདུག་ལ་ཞག་སྡོད་ཀྱང་བྱེད་ཀྱི་འདུག” ཏ་ཝ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲང་ཅུས་ཡོན་གྱིས་ད་ལོ་ཚུན་ཏ་ཝ་གྲོང་ཚོས“ཐའེ་ཧང་རྡོ་གྲོང”གི་ཁྱད་ཆོས་ལ་བརྟེན་ནས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་70ཙམ་ལ་སྣེ་ལེན་ཞུས་ཡོད་ཅེས་བཤད།

   གྲོང་གསེབ་ཡུལ་སྐོར་ནས་མཛེས་མཐུན་གྲོང་གསེབ་ལ་བལྟས་ཚེ། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཏེ། ཆུ་དང་། གློག ལམ། སོལ་རླངས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་གྲོང་ཚོར་ཁྱབ་པ་དང་དུད་ཚང་དུ་སྣུར་སྲིང་ཐུབ་པ་མ་ཟད། གྲོང་གསེབ་གཞུང་ལམ་གྱི་ལམ་ཐག་ཧྲིལ་པོ་སྤྱི་ལེ་ཁྲི་464ལས་བརྒལ་བ་དང་སྲིད་འཛིན་གྲོང་ཚོར་5Gཤར་གཏོང་ཐུབ་ཚད་90%ཟིན་ནས་ཁོར་ཡུག་བཟང་པོ་ལས་མདུན་ལྗོངས་བཟང་པོ་བཏོད་ཡོད།

གྲོང་གསེབ་ཡུལ་སྐོར་རྒྱུན་མཐུད་འཁྲུག་ཆ་དོད་དུ་ཕྱིན་ནས་ཞིང་པའི་འབབ་འཕར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་སྐྱེད་ཐུབ་པ།

     ཧོ་པེ་ཞིང་ཆེན་ཝུའུ་ཨན་གྲོང་ཁྱེར་ཧུའོ་ཧྲུའེ་ཤང་ལི་ཅ་ཀྲོང་གྲོང་ཚོའི་ཧྲན་ལི་ཅི·རི་ཁུག་ཡུལ་སྐོར་ཚོང་འདུས་ཐོག་ཡུལ་སྐོར་བས་རི་ཐོན་ཤིང་ཏོག་ཉོ་བ་དང་ཞིམ་ཟས་ཀྱི་བྲོ་བ་མྱོང་གི་ཡོད། “བཟོས་མ་ཐག་པའི་ཏན་ཞིམ་གྱི་བྲོ་བ་གཟིགས་དང”ལས་གོས་སྔོན་པོ་གྱོན་པའི་ཡུལ་མི་ཀུའོ་ཡན་ཆིན་གྱིས་སེམས་རྩ་འཁོལ་པོས་སྐུ་མགྲོན་འབོད་བཞིན“ཉིན་གཅིག་ནང་ཁུག་མ་100ལྷག་ཙམ་བཙོང་ཐུབ་ཀྱི་འདུག”ཅེས་བཤད།

      འདི་ནི་ཝུའུ་ཨན་གྲོང་ཁྱེར་གྱིས་བཏོད་པའི་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་ཡིན་ཞིང་། ཧྲན་ལི་ཅི·རི་ཁུག་ཡུལ་སྐོར་ཚོང་འདུས་རྣམ་གྲངས་ལས་མི་བརྒྱ་ཙམ་ལས་ཞུགས་ཐུབ་པ་དང་། “ཀུང་སི་དང་། མཉམ་སྡེབ། ཡུལ་མི། ཚོང་དུད་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་སྟངས་ལས་ཞིང་པའི་ཡོང་འབབ་མང་དུ་ཕྱིན་ནས་གུང་གསེང་རིང་གི་འགྲུལ་རྒྱུན་དེ་འཕེལ་རྒྱས་ཀྱི་འཕར་ཚད་དུ་གྱུར་ཡོད།

      གྲོང་གསེབ་ཡུལ་སྐོར་གྱི་འཕེལ་ཕྱོགས་ལེགས་སུ་ཕྱིན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཏེ། ཐོན་ལས་དར་ཞིང་རྒྱས་པ་དང་། ཡུལ་སྲོལ་ཡ་རབས་ལྡན་པ། འཚོ་བ་བདེ་ཞིང་སྐྱིད་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་གྲོང་གསེབ་ཀྱི་ས་གཞི་ཆེན་པོར་འབྱེད་བཞིན་མཆིས།