འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་10ཉིན།

༄༅།།སྐོར་ཞིབ་ཚོགས་པ་22ཀྱི་འབྲེལ་གཏུགས་བྱེད་ས་འདི་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་10ཉིན། 13:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཟླ་11པར་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚོགས་ཆུང་22ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་31དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་སུ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱས་ནས་ལོ་འཁོར་གྱི་དཔྱད་ཞིབ་སྐོར་ཞིབ་བྱ་རྒྱུ་ཡིན་པ་རེད།

     ཟླ་10ཚེས་9ཉིན་ནས་ཟླ་10ཚེས་31ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས་དྲ་སྦྲེལ་དང་། ཁ་པར། འཕྲིན་ཡིག་སོགས་ཐབས་ལམ་གསུམ་བརྒྱུད། མང་ཚོགས་ཀྱི་བསམ་ཚུལ་དང་ལས་བཟོ་པའི་སྙན་ཞུའི་གནད་དོན་གྱི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་བདག་སྤྲོད་བྱ་རྒྱུ་ཡིན་པ་རེད། བདག་སྤྲོད་ཁྱབ་ཁོངས་ནང་གཙོ་བོ་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་མངོན་མེད་ཉེན་ཁ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་མིན་དང་ཁྲིམས་འགལ་བྱ་སྤྱོད་སོགས་ཚུད་ཡོད་པ་དང་། དུས་མཚུངས་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པ་དང་། ལས་བཟོ་པས་རིམ་པ་ཁག་དང་སྡེ་ཁག་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད་གནས་པའི་གནད་དོན་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བསམ་འཆར་དང་ལེན་བྱ་རྒྱུ།

     རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ས་ཁུལ་དེ་གའི་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་ཧུར་ཐག་གིས་འདོན་སྤྲོད་བྱས་ཏེ། དོན་དངོས་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་གནས་ཚུལ་ཞུ་བར་དགའ་བསུ་ཞུ་རྒྱུ་ཡིན།

    2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་སྐོར་ཞིབ་གནད་དོན་གྱི་མངོན་མེད་རྐྱེན་ངན་གྱི་ཁུངས་སྣེ་བདག་སྤྲོད་བྱེད་སྟངས་ཕྱོགས་བསྡུས།

བདག་སྤྲོད་དྲ་གནས་དང་རྩ་གཉིས་ཨང་རྟགས།

https://khxc.mh.mem.gov.cn

བདག་སྤྲོད་ཁ་པར།

མཆན། ཁ་པར་བདག་སྤྲོད་དུས་ཚོད་ནི་ཟླ་10ཚེས་9ཉིན་ནས་ཚེས་31ཉིན་བར་ཉིན་རེའི་ཆུ་ཚོད་8:00ནས་18:00བར་ཡིན།

འཕྲིན་ཡིག་ཡིག་སྒམ།

འཕྲིན་ཡིག་སྦྲག་བསྐུར་བྱེད་པར་ཡིག་སྒམ་གྱི་ས་གནས་ “པེ་ཅིང་གྲོང་ཁྱེར་ཏུང་ཁྲེང་ཆུས་A01301སྦྲག་སྲིད་ཡིག་སྒམ་ནས་བསྡུ་དགོས”ཞེས་ཚད་ལྡན་ངང་འབྲི་དགོས།