འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་10ཉིན།

༄༅།།“མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ”ཞེས་པའི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་
ལོ་ངོ་60འཁོར་བའི་འཕེལ་རྒྱས་གྲུབ་འབྲས་ཀྱི་པར་རིས་འགྲེམས་སྟོན་མེན་སི་ཁེ་རུ་གཉེར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་10ཉིན། 14:18】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་དུ་གྲོང་ཁྱེར་མེན་སི་ཁེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འཕེལ་རྒྱས་གྲུབ་འབྲས་ཀྱི་པར་རིས་འགྲེམས་སྟོན་བྷེ་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་གཉེར་ཞིང་། བྷེ་ཨུ་རུ་སུའི་སྲིད་དོན་ལས་རིགས་དང་། དམག་དོན་ལས་རིགས། མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་སོགས་མི་300ལྷག་ཙམ་གྱིས་འགྲེམས་སྟོན་ལ་བལྟས་པ་རེད།

     ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ནང་ཁྱོན་པར་རིས་36འགྲེམས་སྟོན་བྱས་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་འདི་ཉིད་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་རྒྱ་ལས་བསྒྲལ་བ་དང་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་རླབས་ཆེའི་བརྒྱུད་རིམ་གཅིག་སྡུད་ཐོག་མངོན་ཡོད་ལ། དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་མང་པོ་ནས་བོད་རང་སྐྱོང་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་མངོན་ཡོད།

     གོང་གི་པར་གསུམ་པོ་ནི་ལྟད་མོ་བས་བྷེ་ཨུ་རུ་སུའི་མེན་སི་ཁེ་རུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་འཕེལ་རྒྱས་གྲུབ་འབྲས་ཀྱི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།