འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་10ཉིན།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས།

༄༅།།ཀྲུང་གོས་གཙོ་བོར་བཏོན་པའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་སྐོར་གྱི་
གྲོས་ཆོད་ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་10ཉིན། 14:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པེར་ལིན་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རི་ནེ་ཝ་ནས་གནས་ཚུལ་སྤེལ་བར། ཚེས་6ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་དྲུག་ཅུ་པའི་ཚོགས་འདུའི་ཐོག་གྲོས་མོལ་གཅིག་མཐུན་གྱི་རྣམ་པའི་ཐོག་ནས་ཀྲུང་གོས་པོ་ལི་ཝེ་ཡ་དང་། ཨེ་ཅིབ། ཕ་ཁི་སི་ཐན་དང་ལྷོ་ཨ་ཧྥེ་རི་ཁ་སོགས་རྒྱལ་ཁབ་70ཙམ་གྱི་ཚབ་བྱས་ནས་ཕུལ་བའི“འདྲ་མཉམ་མིན་པའི་གནས་ཚུལ་མི་ཐོན་པའི་རྒྱབ་ལྗོངས་འོག་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱེད་པའི”གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།

     མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་ཁྲེན་ཤུས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་80འཁོར་བ་དང་། 《པེ་ཅིང་བསྒྲགས་གཏམ》དང《བྱ་སྤྱོད་རྩ་འཛིན》ལ་གྲོས་འཆམ་བྱུང་ནས་ལོ་ངོ་30འཁོར་བའི་མཚམས་སུ། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཆོད་དེ་གཙོ་བོར་འདོན་པའི་དམིགས་ཡུལ་ནི་འགལ་ཟླ་སེལ་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། བྱ་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བཅས་བྱ་རྒྱུ་དེ་རེད། གྲོས་ཆོད་ནང་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཆེད་དོན་གྲོས་བསྡུར་དང་མཉམ་འགུལ་གླེང་མོལ་ཚོགས་འདུ་འཚོགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་དོན་གཅོད་ཁང་གིས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཁེ་དབང་ཁྱབ་ཁོངས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ་དང་གྲོས་ཆོད་གཞིར་བཟུང་བཙུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཁེ་དབང་གི་ཤེས་བྱའི་ལྟེ་བའི་དྲ་ཐོག་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་ནས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་ལག་རྩལ་གྱི་རོགས་སྐྱོར་དང་ནུས་པ་འཛུགས་རྒྱུར་རྒྱབ་སྐྱོར་དེ་བས་ཡག་པོ་བྱ་རྒྱུའི་རེ་འབོད་བྱས་ཡོད།