འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་10ཉིན།

༄༅།།ཕྱི་འབྲེལ་པུས། ཀྲུང་གོ་དང་རྒྱ་གར་གྱིས་འདི་ལོའི་ཟླ་10པའི་ཟླ་མཇུག་གོང་ཐད་གཏོང་
མཁའ་ལམ་སླར་གསོ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་10ཉིན། 14:27】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་10ཚེས་9ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་རྒྱ་གར་གྱི་ཕྱི་འབྲེལ་པུས་རྒྱ་གར་དང་ཀྲུང་གོའི་དབར་གྱི་ཐད་འཕུར་མཁའ་ལམ་སླར་གསོ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པར་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་འདྲ་ཡོད་དམ་ཞེས་དྲིས།

     ཀུའོ་ཅ་ཁུན་གྱིས་ཀྲུང་གོ་དང་རྒྱ་གར་གྱིས་ད་ལོའི་ཟླ་10པའི་ཟླ་མཇུག་གོང་ཐད་འཕུར་མཁའ་ལམ་སླར་གསོ་བྱ་རྒྱུ་ཡིན་པ་འདི་ནི་ཕྱོགས་གཉིས་པོས་སྤྱི་ཁྱབ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་མོ་ཏི་གཉིས་ཀྱིས་ཟླ་8ཚེས་31ཉིན་ཐེན་ཅིན་ཐུག་འཕྲད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་པའི་མཚོན་ཚུལ་གསར་ཤོས་ཡིན་ལ། ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་མི་དམངས་དུང་ཕྱུར་28ལྷག་ཙམ་གྱི་མཛའ་མཐུན་འགྲོ་འོང་ལ་སྟབས་བདེ་ཡོང་བའི་དགེ་མཚན་ལྡན་པའི་བྱེད་ཐབས་ཤིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་རིང་གི་ལྟ་བའི་ཐོག་ནས་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བར་ངོས་འཛིན་དང་དང་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྱིམ་མཚེས་མཛའ་གྲོགས་ཀྱི་གྲོགས་པོ་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་རོགས་ཟླ་བྱས་ཏེ་“འབྲུག་དང་གླང་ཆེན་མཉམ་བྲོ་འཁྲབ་པ་”མངོན་འགྱུར་ཡོང་བ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་ཕན་ཐོགས་ཐུབ་པ་དང་། དེ་བས་ལེགས་པའི་སྒོ་ནས་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་སྲུང་སྐྱོང་ཆེད་དུ་འོས་ལྡན་གྱི་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུ།