གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་10ཉིན། 14:40】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉིན་ཤས་གོང་ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥུ་ལེ་ཙེ་ལི་ཁེ་སེན་གྱིས་རྒྱལ་ཁབ་དེའི་ལོ་15མན་གྱི་བྱིས་པས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྤྱད་མི་ཆོག་པའི་གྲོས་འགོ་བཏོན་པ་རེད།
ཨ་རིའི་སྐུད་ཡོད་སྐུད་འཕྲིན་གསར་འགྱུར་དྲ་བ་སོགས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་7ཉིན་ཧྥུ་ལེ་ཙེ་ལི་ཁེ་སེན་གྱིས་གྲོས་ཚོགས་སུ་གཏམ་བཤད་སྤེལ་སྐབས་འཆར་གཞི་དེ་གླེང་ཡོད་མོད། འོན་ཀྱང་ཞིབ་ཕྲའི་གནས་ཚུལ་ཁྱབ་བསྒྲགས་བྱས་མེད། ཁོང་གིས་ལོ་15མན་གྱི་བྱིས་པས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྤྱད་མི་ཆོག་མོད། འོན་ཀྱང་ལོ་13ཡན་གྱི་ཕྲུ་གུས་ཕ་མའི་མོས་མཐུན་ཐོབ་རྗེས་སྤྱད་ཆོག སྤྱིར་ཕྲུ་གུ་ཚོས་ལག་ཐོགས་ཁ་པར་སྤྱད་ཆོག་པས། ནང་ལ་ལོག་དགོས་པར་བརྡ་གཏོང་བདེ་བ་དང་། གྲོགས་པོ་ཕན་ཚུན་འབྲེལ་བ་བྱེད་བདེ་མོད། འོན་ཀྱང་དོན་དངོས་ནི་“བྱིས་པ་དང་གཞོན་ནུ་འདི་འདྲ་མང་པོ་ཞིག་ལ་ཡི་མུག་པ་དང་སེམས་ཁྲལ་གྱི་མནར་གཅོད་ཕོག་མྱོང་མེད་”ཅེས་བཤད་པ་རེད།
ཧྥུ་ལེ་ཙེ་ལི་ཁེ་སིན་གྱིས་བྱིས་པ་མང་པོ་ཞིག་གིས་ལྟ་ཀློག་དང་དོ་སྣང་བྱེད་ཤུགས་གཅིག་བསྡུས་བྱེད་པར་དཀའ་ངལ་ཡོད་པ་མ་ཟད། ད་དུང་བྱིས་པ་ཁག་གཅིག་གིས་དྲ་ཐོག་ནས་“མཐོང་མི་རུང་བའི་དངོས་པོ་མཐོང་གི་ཡོད་”ཅེས་བཤད་པ་རེད། ཁོང་གིས་ཏེན་མག་ཏུ་ལོ་རིམ་བདུན་པའི་བྱིས་པ་བཅུ་ཆ་དགུ་ལྷག་ཙམ་ལ་ལོ་13གོང་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་གྱི་རྩིས་ཐོའི་ཨང་གྲངས་ཡོད་པ་དང་ལོ་11ནས་19བར་གྱི་བྱིས་པ་བཅུ་ཆ་དྲུག་ཙམ་གྱིས་འདས་ཟིན་པའི་གཟའ་འཁོར་གཅིག་གི་ནང་གྲོགས་པོ་དང་ཐུག་མ་མྱོང་ཞེས་བཤད་པ་རེད།
ཧྥུ་ལེ་ཙེ་ལི་ཁེ་སིན་གྱིས་ལག་ཐོགས་ཁ་པར་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱིས་“ང་ཚོའི་བྱིས་པའི་བྱིས་དུས་བརྐུ་བཞིན་ཡོད། ” བཅའ་ཁྲིམས་གསར་པའི་ཐོག་ནས་ཏེན་མག་དུ་“ང་ཚོས་ང་ཚོའི་ཕྲུ་གུ་ཚོར་དེ་བས་ལེགས་པའི་ལྟ་རྟོག་བྱེད་ཐུབ་པ་”མཚོན་ཡོད་ཞེས་བཤད་པ་རེད།
ཏེན་མག་གིས་འདི་ལོའི་ཟླ་9པར་བྱིས་པ་རྣམས་ཀྱིས་སློབ་ཆུང་ངམ་ཡང་ན་སློབ་ཕྱིའི་བྱེད་སྒོ་སྤེལ་རིང་ལག་ཐོགས་ཁ་པར་སྤྱད་མི་ཆོག་པའི་གཏན་འབེབས་བཏོན་པ་རེད།
2024ལོའི་ཟླ་11པར། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་《2024ལོའི་དྲ་རྒྱའི་བདེ་འཇགས་(སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་གྱི་ལོ་ཚོད་དམའ་ཤོས་)དག་བཅོས་འཆར་ཟིན་》ལ་གྲོས་འཆམ་བྱས་ནས་ལོ་16མན་གྱི་བྱིས་པས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་སྟེགས་བུ་མང་ཆེ་བ་སྤྱད་མི་ཆོག་པ་རེད།