འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།ཡུལ་ཤུལ་གྱི་རྣམ་པ་གསར་རྐྱང་ཞིག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 13:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

སྟོན་དུས་ཡུལ་ཤུལ་ལ་ཕེབས། ཡུལ་ཤུལ་གྱི་རྣམ་པ་གསར་རྐྱང་ཞིག་མིག་ལམ་དུ་འཆར།

     གཙང་གསུམ་ཆུ་འགོར་ཆ་སྙོམས་ས་བབ་སྨི་4200ཙམ་ཟིན་པས། མཚོ་སྔོན་བས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་འགྲོ་སྐབས་ཁ་རྒྱུན་ལ“ཡུལ་ཤུལ་ལ་ཕེབས”ཞེས་ཟེར་གྱི་ཡོད།

     རླངས་འཁོར་ཡུལ་ཤུལ་གྲོང་ཁུལ་དུ་འབྱོར་སྐབས་ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་དྲན་གསོ་ཁང་མིག་ལམ་དུ་འཆར་ཞིང་། དྲན་གསོ་ཁང་གི་ཕྱིར“དྲིན་ཚོར”ཞེས་མིང་བཏགས་པའི་ལམ་ཆེན་འགྲམ་གྱི་རྡོ་རིང་སྟེང་དུ“དུས་རབས་གསར་པ། ཡུལ་ཤུལ་གསར་པ། འཚོ་བ་གསར་པ”ཞེས་པའི་ཡིག་འབྲུ་ཆེན་པོ་བཀོད་འདུག དྲན་གསོ་ཁང་དུ་སྐབས་དེ་དུས་སྦྲ་གུར་སློབ་གྲྭའི་ནག་པང་སྟེང་དུ་ས་སྨྱུག་གིས་བྲིས་པའི“ང་ས་ཆ་འདིར་རབ་ཏུ་དགའ”ཞེས་པའི་ཡི་གེ་གསལ་ལེར་མཐོང་རྒྱུ་འདུག

     2010ལོར་ཡུལ་ཤུལ་ལ་ས་ཡོམ་བརྒྱབ་ནས་ཡུན་རིང་མ་སོང་བར། སྐབས་དེ་དུས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་ཡུལ་ཤུལ་དུ་ཕེབས་ཏེ་ལས་རིགས་ཁག་ལ“གནོད་འཚེ་ཆེན་པོ་ཕོག་རྗེས་འགྱུར་ལྡོག་ཆེན་པོ་ཡོང་ངེས་རེད། ཁྱེད་ཚོའི་ཉམས་པ་མེད་པའི་སྙིང་སྟོབས་དང་། ཏང་ཀྲུང་དབྱང་གི་ནུས་ཤུགས་ཡོད་རྒུའི་རྒྱབ་སྐྱོར། རྒྱལ་ཡོངས་མི་དམངས་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་བཅས་ཡོད་པས། ཚང་མས་རང་སྟོབས་རང་སྤེལ་གྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ན་འབྱུང་འགྱུར་ཡུལ་ཤུལ་གསར་པ་ཞིག་ཡོང་ངེས་རེད”ཅེས་ལྕག་སྐུལ་གནང་ཡོད།

གཅིག

དྲིན་ཚོར་ལམ་ཆེན་ནས་བསྐྱོད་ན་དར་དམར་སློབ་ཆུང་དུ་སླེབས།

    2010ལོའི་ཟླ་6ཚེས་1ཉིན། བློ་མཐུན་ཞི་ཅིན་ཕིང་གྱང་རོར་གྱུར་པའི་དར་དམར་སློབ་གྲྭར་ཕེབས་ཤིང་། ཕྲུ་གུ་ཚོས་ཤོག་བུའི་སྟེང་དུ་སེམས་ལ་བསམ་པའི་སློབ་གྲྭ་དང་ཡུལ་ཤུལ་གསར་པ་བྲིས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་གཟིགས་རྗེས་དགྱེས་ཚོར་ཆེན་པོས་མཚན་བཀོད་པ་རེད།

     དུས་རབས་གསར་པར། དར་དམར་སློབ་ཆུང་གསར་པ་དེ་ཉིད་ཕྲུ་གུ་ཚོའི་རི་མོ་ལྟར་བསྐྲུན་ཡོད་ཅིང་། བོད་བཟོའི་ཅོང་ཁང་ནས་སློབ་ཁྲིད་ཐོག་ཁང་དུ་འཛུལ་བ་དང་ཐོག་སོ་བཞི་པའི་བརྒྱུད་ལམ་སྣེ་མང་སློབ་ཁང་དུ། ཡུལ་ཤུལ་གྱི་སློབ་མ་ཚོས་རྒྱང་ཁྲིད་སློབ་གསོ་བརྒྱུད་པེ་ཅིང་ཁྲང་ཕིང་སློབ་ཆུང་གི་སློབ་མ་དང་སློབ་ཚན་དུས་མཉམ་དུ་ཚོགས་བཞིན་ཡོད་པ་རེད།

     ས་ཡོམ་བརྒྱབ་ནས་ལོ་15སོང་རིང་། པེ་ཅིང་གིས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་2.7བཏང་ནས་ཡུལ་ཤུལ་གྱི་སློབ་གསོར་རོགས་སྐྱོར་བྱས་ཤིང་། ཡུལ་ཤུལ་ཀྲོའུ་ཡི་ལོ་དགུའི་འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་97.05%བར་མཐོ་རུ་ཕྱིན་པ་དང་བརྒྱུད་ལམ་སྣེ་མང་སློབ་ཁང་ཁྱབ་ཚད་99.2%ཟིན་ཡོད། ཡུལ་དེ་གའི་མི་རྣམས་ཀྱིས“སྐྱེ་ཁམས་གནས་སྤོ་བྱས་པ་དང་འོས་འགན་སློབ་གསོ་ལག་ལེན་བསྟར་བས་ལུག་རྫི་ཚང་མ་སློབ་གྲྭ་འགྲིམ་པར་ཕྱིན་ཡོད”ཅེས་ཤོད་ཀྱི་ཡོད།

ཡུལ་གཞན་དུ་གནས་སྤོས་གཅིག་སྡུད་ཆེ་ཤོས་ནི་རི་ཞིག་སྒེའུ་སྡེ་ཁུལ་ཡིན་པ་དང་། ཡུལ་དེ་གའི་མི་རྣམས་ཀྱིས“བདེ་སྐྱིད་ཁུལ་ཆུང”ཞེས་འབོད་ཀྱི་ཡོད།

      2018ལོར། ཞིང་འབྲོག་དུད་ཚང་དབུལ་པོ་600གཙང་གསུམ་ཆུ་འགོའི་ཤང་གྲོང་8ནས་གནས་འདིར་སྤོས་པ་རེད། ལུས་རྩལ་ཐང་ཆེན་འགྲམ་དུ། ཡེ་ཤེས་རྣམ་རྒྱལ་གྱིས་འཇིབ་ཆུང་བཞག་རྗེས་ང་ཚོར་འདྲི་སྨེད་བཏང་བྱུང་། ཁོང་ནི་རག་སྟོད་ཤང་ནས་ཡིན་པ་དང་། ཉིན་མོར་སློབ་མའི་ཉལ་ཁང་དུ་དོ་དམ་བྱེད་པ་དང་ལས་ཐག་བཅད་རྗེས་སྡེ་ཁུལ་དུ་འོས་འགན་ལས་ཀ་བྱས་ཏེ་གད་སྙིགས་རིགས་དབྱེ་བྱེད་རོགས་བྱེད་པར་ཟླ་རེར་གླ་ཆ་སྒོར་5000ལྷག་ཙམ་ཡོད་པ་དང་གད་སྙིགས་རིགས་དབྱེ་བྱེད་པར་ད་དུང་སྐར་མ་གསོག་ཆོག་གི་ཡོད། དང་ཐོག་མར་གད་སྙིགས་གང་བྱུང་དུ་དབྱུགས་པར་རྩོད་གཞི་ཆད་མེད་ཐོན་ཡང་། ད་ཆ་མཉམ་སྐྲུན་མཉམ་སྤྱོད་དང་ཞི་མཐུན་བདེ་སྐྱིད་ལྡན་པ་ཞིག་ཏུ་གྱུར་ཡོད།

     གེགས་རྗེས་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ཐད། ཡུལ་ཤུལ་གྱི་ཤིན་ཏུ་དབུལ་བའི་རྫོང་6གི་དབུལ་ཞྭ་ཕུད་པ་དང་ཤིན་ཏུ་དབུལ་བའི་གྲོང་ཚོ་104དབུལ་གྲལ་ནས་བུད་ཡོད།

གཉིས།

དབུལ་སྒྲོལ་འགག་སྒྲོལ་གྱིས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ལོ་5བར་བརྒལ་དུས་ཚོད་ཡིན་པ་ནས་ད་ལོ་ནི་ལོ་མཇུག་ཤོས་དེ་རེད། རྫ་ཆུ་བརྒྱུད་དེ་ལམ་དུ་བཞུད་སྐབས“བདེ་སྐྱིད་ལྡན་པའི་གྲོང་ཚོ”ཡང་སེ་མིག་ལམ་དུ་མངོན་རྒྱུ་འདུག

ལ་ཉག་ཅིག་བརྒལ་རྗེས་དཀར་མདའ་གྲོང་ཚོར་འབྱོར།

      2021ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་ཤུལ་གྱི་གེགས་ཁུལ་དུ་ཕེབས་མྱོང་བའི་སྐོར་ཕྱིར་དྲན་གནང་བཞིན“སྐབས་དེ་དུས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་གྲོང་ཚོ་ཞིག་ལ་སླེབས་དུས་དེ་གར་གཏོར་སྐྱོན་ཚབས་ཆེན་ཕོག་འདུག”ཅེས་གསུངས་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

2010ལོར་དཀར་མདའ་གྲོང་ཚོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གེགས་རྗེས་བསྐྱར་སྐྲུན་ཐད་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་བྱེད་དགོས”ཞེས་གསུངས་མྱོང་།

     དཀར་མདའ་བས་ཐོག་མཐའ་བར་གསུམ་དུ་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཤིང་། གེགས་རྗེས་བསྐྱར་སྐྲུན་ཐད་སྲིད་གཞུང་གིས་སྔོག་འཕྲུལ་དང་ས་འཕུལ་འཕྲུལ་འཁོར་8སྤྲད་པ་ལས་ཕན་ཐོགས་ཆེན་པོ་བྱུང་ཡོད་ལ་འཕེལ་རྒྱས་ཀྱི་རྨང་གཞིའང་བཏིང་ཡོད། རྒྱལ་ལམ་གྱི་འགྲམ་དུ་རྩྭ་ར་ཉུང་ཡང་བསམ་ཕྱོགས་སྒྱུར་ནས་ཐོན་ལས་གསུམ་གོང་འཕེལ་གཏོང་བ་དང་། མཉམ་ལས་ཁང་གིས་སྣེ་ཁྲིད་དེ་ལྷས་ར་དེ་དག་སྒོ་རྩིས་ཚོང་ཁང་དུ་བསྐྲུན་པར། ལོ་དང་པོ་ཁོ་ནར་ཡོང་འབབ་སྒོར་ཁྲི་33བྱུང་ཡོད། ཞོག་ཕིང་དང་། ཇ་སྲུབ་མ། རྩམ་ཁུག་སོགས་གོང་ཁེ་བས་འབྲོག་པར་མཁོ་ཆེ་ལ་གྲོང་ཁྱེར་བས་ཀྱང་དགའ་པོ་བྱེད་ཀྱི་ཡོད་པས། སྒོ་རྩིས་ཚོང་ཁང་3ཡུལ་ཤུལ་གྲོང་ཁུལ་དུ་བཙུགས་ཡོད་པ་རེད།

     མཉམ་ལས་ཁང་གི་མིང་ལ“ཀུན་ཕན”ཞེས་བཏགས་ཡོད་པ་དང་དེ་བཙུགས་ནས་ལོ་10སོང་རིང་ཁེ་སྤོགས་སྒོར་ཁྲི་536བགོ་བཤའ་བརྒྱབ་ཡོད། དཀར་མདའ་བའི་འཚོ་བ་སྐྱིད་པོ་ནི་ཐུན་མོང་གི་འབད་འཐབ་ལས་བྱུང་བ་ཞིག་ཡིན་པ་ནི་སྨོས་མེད་རེད།

གསུམ།

གཙང་གསུམ་ཆུ་འགོ་དང་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་གི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་པ་དང་། འགན་འཁྲི་ལྕི་ཤོས་ནི་སྐྱེ་ཁམས་ལ་ཐུག་པ། མངོན་མེད་སྟོབས་ཤུགས་ཆེ་ཤོས་ནི་སྐྱེ་ཁམས་ལ་ཐུག་ཡོད།

    ཆར་པ་ཟིམ་ཟིམ་ཞིག་བབས་རྗེས་རོང་པོ་འདམ་ར་སྣུམ་ཚིལ་ལེར་གྱུར་ཞིང་། ལམ་འགྲམ་དུ“འབྲི་གཡག་འབུམ་རམས་པ”སུང་རེན་ཏེ་དང་འཕྲད་བྱུང་།

    ལོ་59ལ་སླེབས་པའི་སུང་རེན་ཏེ་ནི་ཚན་རྩལ་ཆེད་མངགས་པ་དང་འབྲོག་ལས་འབུམ་རམས་པ་ཞིག་རེད་ལ། སྔོན་ཆད་མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་པ་ཞིག་ཀྱང་རེད། བར་བརྒལ་དུས་སྐབས་ཀྱི་ལོ་ལྔའི་ནང་ཁོང་གིས་ཡུལ་ཤུལ་དུ་འབྲོག་པ་མི་ཐེངས་8300ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།

     བཟའ་ཟླ་ལི་གོ་མེ་ནི་རྩྭ་འབྲེལ་རིག་པའི་ཆེད་ལས་ཀྱི་ཞིང་ལས་རིག་པའི་འབུམ་རམས་པ་ཞིག་ཡིན་པ་དང་སུང་རེན་ཏེ་དང་མཉམ་དུ་ས་མཐོར་ཡོང་བ་རེད། བུ་མོ་སུང་ཝེ་རུའུ་ནི་ཐོན་ཁུངས་ཁོར་ཡུག་ཚན་རིག་གི་འབུམ་རམས་པ་ཞིག་ཡིན་ཞིང་། ཟི་ལིང་དུ་འཚར་ལོངས་བྱུང་བ་དང་ཕྱི་རྒྱལ་དུ་སློབ་གཉེར་ལ་སྐྱོད་མྱོང་། འོན་ཀྱང་ཁོ་མོས་སྔར་བཞིན་ཡུལ་ཤུལ་དུ་ལོག་དོན་གང་ཡིན་ནམ་ཞེ་ན།

     “ངའི་པཱ་ལགས་ཀྱིས་འབྲོག་ལས་རིག་པ་སྦྱངས་པ་དང་། ཨ་མ་ལགས་ཀྱིས་ནགས་ཚལ་དང་རྩྭ་ཐང་རིག་པ་སྦྱངས་མྱོང་ལ། ངས་རྩྭ་ཕྱུགས་དོ་སྙོམས་ཐད་ཞིབ་འཇུག་བྱེད་ཀྱི་ཡོད་པས་མཉམ་དུ་སྡོད་དགོས་ངེས་རེད”ཅེས་སུང་ཝེ་རུའུ་ཡིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ།

     ཁྱིམ་ཚང་གཅིག་གི་འབུམ་རམས་པ་གསུམ་དང་མི་རབས་གཉིས་ཀྱིས་ཡུལ་ཤུལ་ལ་བཅངས་པའི་བརྩེ་བ་ལས་དཔལ་ཐང་རྩྭ་ཐང་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བདེན་དཔང་བྱས་ཡོད།

     སུང་རེན་ཏེ་ཡིས་བརྗོད་པའི་གྲངས་གཞི་ཞིག་སྟེ། མིག་སྔར་ཡུལ་ཤུལ་དུ་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི་130ཟིན་པ་དེ་མང་ཤོས་སྐབས་དང་བསྡུར་ན་མགོ་གྲངས་ཁྲི་70ཡིས་ཉུང་དུ་ཕྱིན་ཡོད། འབྲི་གཡག་བཤས་གཏོང་ཡུན་ལོ་3ཡན་ཐུང་དུ་ཕྱིན་ཡོད་པས། ཆ་སྙོམས་འབྲི་གཡག་རེ་རེ་ནས་ཁེ་སྤོགས་སྒོར་1228མང་དུ་ཕྱིན་ཡོད་ལ། སྔོ་རྩྭ་ཁེབས་ཚད་ཀྱང་67.4%ལྷག་ཙམ་ཟིན་ཡོད།

      “ཕྱུགས་རིགས་ཉུང་གཏོང་གིས་འབབ་འཕར་ལས་དར་བྱེད་པའི་འགག་རྩ་ནི་ལྗང་མདོག་འཕེལ་རྒྱས་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་རྒྱུ་དེ་རེད”ཡུལ་ཤུལ་གྱི་འབྲི་གཡག་དག་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ནང་ཚུད་ཡོད་ཅེས་སུང་རེན་ཏེས་དགའ་ཚོར་ཆེན་པོ་བཤད།

བཞི།

མུན་པ་རིམ་བཞིན་རུབ་པ་དང་བསྟུན་ནས། གེ་སར་ཐང་ཆེན་གྱི་གཞོགས་གཅིག་ཏུ་ཡོད་པའི་གློག་འོད་སྤོ་ལོ་ཐང་དུ་ས་གནས་དེ་གའི་གཞོན་ནུ་ཚོ་སྐྱིད་སྣང་དོད་པོས་སྤོ་ལོ་རྒྱག་བཞིན་ཡོད་ལ། གཞོགས་གཞན་ཞིག་ཏུ་ཡུལ་མི་ཁག་གཅིག་མེ་ཕུང་གི་མཐའ་འཁོར་དུ་སྒོར་གཞས་འཁྲབ་ནས་ཡུལ་སྐོར་བ་མཉམ་དུ་འཁྲབ་རྒྱུའི་ཡིད་དབང་བཀུག

     ས་གནས་དེ་གའི་ལས་བྱེད་པས། ཡུལ་ཤུལ་བས་མཚན་སྙན་གཉིས་ལ་མཐོང་ཆེན་བྱེད་པ་སྟེ། གཅིག་ནི་རྒྱལ་ཡོངས་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”ཅེས་པའི་ལག་ལེན་གསར་གཏོད་རྟེན་གཞི་ཡིན་པ་དང་། གཅིག་ཤོས་ནི་ཀྲུང་གོའི་བོད་ཀྱི་རིག་གནས(ཡུལ་ཤུལ)ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་རེད་ཅེས་ངོ་སྤྲོད་བྱས།

     ཐང་ཆེན་བརྒྱུད་སྐབས་བོད་ཀྱི་རིག་གནས་དམངས་སྲོལ་རྟེན་མཛོད་ཁང་གི་བསོད་ནམས་སེང་གེས་ང་ཚོ་སྒུག་ནས་ཡོད་ཅིང་། སྔོན་ཆད་དགེ་རྒན་ཡིན་པའི་ཁོང་གིས་ལོ་ངོ་སུམ་ཅུ་ཉིན་གཅིག་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་ཉར་ཚགས་ལས་ལ་གཞོལ་བས། ཡུལ་ཤུལ་གྱི་དམངས་ཁྲོད་རྟེན་མཛོད་ཁང་དང་པོ་དེ་བྱུང་ཡོད། ཕྱིས་སུ་ཚགས་པར་རྟེན་མཛོད་ཁང་ཡང་བཙུགས་པ་དང་དེའི་ནང་ཉར་ཚགས་བྱས་པའི་དངོས་པོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཡུལ་ཤུལ་གྱི་གསར་འགྱུར་འཕྲིན་སྤེལ་སྐོར་རེད། བསོད་ནམས་སེང་གེའི་ངོས་ནས་བརྗོད་ན། རིག་གནས་ཀྱི་གདེང་ཚོད་ནི་ཞིབ་ཅིང་ཕྲ་ལ་གསོན་ཉམས་དོད་པ་དང་དུས་བསྟུན་མདུན་སྐྱོད་ཅིག་ཡིན་ཞིང་། དེ་ནི་ཡུལ་ཤུལ་གྱི་རིག་གནས་པས་ཕ་ཡུལ་ལ་གུས་ཞེན་བྱེད་སྟངས་ཡག་ཤོས་ཤིག་རེད།

     མི་གཅིག་གི་གུས་ཞེན་དེ་ཡུལ་ཕྱོགས་གཅིག་གི་ལས་འགན་ཞིག་ཏུ་གྱུར་ཡོད་ཅིང་། 2023ལོར་ཡུལ་ཤུལ་གྱིས“རྟེན་མཛོད་ཁང་གི་གྲོང་སྡེ”འཛུགས་སྐྲུན་གྱི་འཆར་འགོད་བཟོས་ནས། ལམ་སྲོལ་གསར་གཏོད་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་བསྐྲུན་ཟིན་པའི་རྟེན་མཛོད་ཁང་25ཡི་ནང་དམངས་ཁྲོད་ཀྱིས་མ་དངུལ་བཏང་བའི་རྟེན་མཛོད་ཁང་16ཡོད་པ་རེད།

     ཡུལ་ཤུལ་གྱི་གཙང་གསུམ་ཆུ་འགོའི་འབྲི་ཆུའི་ཐོག་བདེ་སྐྱིད་ཟམ་པ་དང་། ཚེ་སྲོག་ཟམ་པ། མཆོང་སྐྱོད་ཟམ་པ་བཅས་ཟམ་པ་གསུམ་མཉམ་གཤིབ་ངང་བསྐྲུན་ཡོད། ལོ་རབས་མི་འདྲ་བར་བསྐྲུན་པའི་ཟམ་པ་དེ་དག་གི་ཐོག་རང་བྱུང་འོབས་ཆེན་གྱི་བདེ་བགྲོད་ལམ་དང་། གེགས་རྗེས་བསྐྱར་སྐྲུན། གྲོང་གསེབ་དར་རྒྱས་བཅས་ལོ་རྒྱུས་ཀྱི་མཆོང་སྐྱོད་བརྐོས་ཡོད།

     དྲག་ཏུ་རྒྱུག་པའི་ཆུ་བོའི་ཐོག་ཟམ་པ་གསུམ་པོ་དབེན་འཇམ་ངང་གནས་ཡོད་ཅིང་། ཡུལ་ཤུལ་གསར་པའི་ཡུལ་མི་ཚོའི་འབྱུང་འགྱུར་གྱི་འཚོ་བའང་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད།