འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།ཧྲེན་དབྱང་གི་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་24ཡིས་ནད་གཡོག་མི་དགོས་པའི་ལྟ་སྐྱོང་ཚོད་ལྟ་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 13:59】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་ཧྲེན་དབྱང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ལེའོ་ཉིང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉིན་ཤས་གོང་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་གྱི་རིམ་པ་གསུམ་པའི་གཞུང་བཙུགས་སྨན་ཁང་24ཡིས་ནད་གཡོག་མི་དགོས་པའི་ལྟ་སྐྱོང་ཚོད་ལྟའི་ཞབས་འདེགས་ཞུ་འགོ་བཙུགས་ནས་ནང་མིའི་ནད་གཡོག་རྒྱུག་པའི་སེམས་ཁྲལ་བསལ་ཡོད།

     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་དེ་བཞིན་ལེའོ་ཉིང་ཞིང་ཆེན་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག ཧྲེན་དབྱང་གྲོང་ཁྱེར་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ནད་གཡོག་མི་དགོས་པའི་ལྟ་སྐྱོང་ཚོད་ལྟའི་ཁྱབ་ཁོངས་རང་དགར་རྒྱ་སྐྱེད་པ་དང་། ཚོད་ལྟའི་ནད་ཁུལ་ཁག་དང་པོ་རྒན་རྒོན་གསོ་རིག་ཚན་ཁག་དང་རུས་ནད་ཚན་ཁག་སོགས་ལྟ་སྐྱོང་གི་དགོས་མཁོ་ཅུང་ཆེ་བའི་ཚན་ཁག་བདམས་ནས། སྨན་གཡོག་གམ་ཡང་ན་སྨན་བཅོས་ནད་གཡོག་པས་ནད་པར་ཟ་མ་མཁོ་འདོན་དང་གཙང་སྦྲ་བྱེད་རོགས་སོགས་ཚད་ལྡན་ཅན་གྱི་འཚོ་བའི་ལྟ་སྐྱོང་བྱེད་ཀྱི་ཡོད། ནད་གཡོག་མི་དགོས་པའི་ལྟ་སྐྱོང་ཞབས་ཞུའི་སྤུས་ཚད་འགན་ལེན་བྱ་ཆེད། ལེའོ་ཉིང་ཞིང་ཆེན་གྱིས་ཚོད་ལྟའི་སྨན་ཁང་ཁག་ལ་སྨན་བཅོས་ནད་གཡོག་པར་སྨན་ཁང་དུ་གསོ་སྦྱོང་ལམ་ལུགས་དང་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།