འགྲོ་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་11ཉིན། 14:00】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ལ་ཁྱོན་ངལ་གསོ་ཉིན་བརྒྱད་བཞག་པ་རེད། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ནན་ལ། ཏན་ཏིག་དང་ཞིབ་ཚགས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཏེ་མི་དམངས་མང་ཚོགས་དུས་བདེ་འཆམ་མཐུན་གྱི་རྣམ་པའི་ཁྲོད་དུས་ཆེན་དགའ་གཏོང་བྱེད་པའི་འགན་ལེན་བྱས་པ་རེད། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་པུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་འགན་བཀོད་སྒྲིག་དང་དོ་དམ་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་མངོན་མེད་རྐྱེན་ངན་སེལ་བ་དང་ཉེན་ཁ་འགོག་ཟོན་གྱིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།
ཟླ་10ཚེས་8ཉིན་གྱི་ཆུ་ཚོད་18པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་བདེ་འཇགས་ལྡན་ལ་སྒྲིག་ལམ་ཡག་པོ་ཡོད་པ་དང་། ཉེས་དོན་དང་ཉེན་བརྡའི་ཁ་པར་རྒྱག་མཁན་དུས་མཚུངས་ལས་16.9%དང་6.5%སོ་སོར་ཆག་ཡོད། བྱེད་སྒོ་ཆེ་གྲས་2700ལྷག་ཙམ་གཉེར་བ་དག་ལམ་ལྷོངས་བྱུང་ཞིང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ་ཞིག་ཡོད།
ཟླ་10ཚེས་8ཉིན་གྱི་ཆུ་ཚོད་19བར། རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་ཞིང་། གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཚབས་ཆེན་ཐོན་མེད་ལ། ཁྱབ་ཁོངས་ཆེ་བ་དང་། དུས་ཡུན་རིང་བ། ལམ་ཐག་རིང་བ་སོགས་འགྲིམ་འགྲུལ་ཚབས་ཆེན་འགག་པའི་གནས་ཚུལ་ཐོན་མེད། གུང་གསེང་རིང་རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས“འགྲུལ་འཁོར་གཉིས་དང་། ཉེན་འཁོར་གཅིག ཟོག་འཁོར་གཅིག” བཅས་དང་འགྲུལ་འཁོར་ཆུང་གྲས་སོགས་གཙོ་གནད་འཁོར་རིགས་ལ་དམིགས་ཏེ། “ཚད་བརྒལ་གསུམ་དང་ངལ་དུབ་གཅིག”དང་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་འཁོར་འཛོལ་གྱི་ཉེན་ཁ་དེ་བས་ཆུང་དུ་གཏོང་གང་ཐུབ་བྱས་པ་རེད།