འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།བྱ་དགའ་སྤྲད་ནས་ཁུངས་སྣེ་བསྡུ་རྒྱུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 14:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཚེས་11ཉིན། ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བྱ་དགའ་སྤྲོད་རྒྱུའི་བརྡ་ཁྱབ་བཏང་ནས། ཡན་ཅ་ཧུང་སོགས་ཐའེ་ཝན་དམག་ཕྱོགས་ཀྱི“ཆབ་སྲིད་དམག་འཐབ་ཅུས་ཀྱི་སེམས་ཁམས་དམག་འཐབ་རུ་ཆེན་”(གཤམ་དུ་བསྡུས་མིང་ལ“སེམས་འཐབ་རུ་ཆེན་”ཟེར)གྱི་སྲོག་ཤིང་རྐང་འཛིན་པ་18གྱིས་ཁྲིམས་འགལ་ཉེས་བསགས་ཁུངས་སྣེ་བསྡུ་ལེན་བྱ་རྒྱུ་རེད།

    མྱུལ་ཞིབ་བྱས་པ་ལྟར་ན། “སེམས་འཐབ་རུ་ཆེན་”གྱི་འོག་ཏུ་རུ་འབྲིང་དྲུག་བཙུགས་ཏེ། དཔྱད་ཡིག་ཆ་འཕྲིན་སེམས་འཐབ་དང་། གསང་འཕྲིན་འཚོལ་ཞིབ། འཐབ་རྩལ་སེམས་འཐབ། རྒྱང་བསྒྲགས་སེམས་འཐབ། དཔུང་སྡེའི་དྲིལ་བསྒྲགས་སེམས་གསོ། དམག་འཁྲུག་སྒྲིག་འཛུགས་སྐུལ་སློང་བཅས་ཀྱི་ཞིབ་ཕྲའི་ལས་དོན་སོ་སོར་འགན་འཁུར་གྱི་ཡོད། ཁོ་ཚོས་ལོག་སྤྱོད་དྲིལ་བསྒྲགས་དྲ་ཚིགས་བཙུགས་ནས་སྐྱོན་འདོགས་རྒོལ་རྡུང་དང་། ལོག་སྤྱོད་རོལ་རྩེད་བཟོས་ནས་ཁ་བྲལ་ངན་སྐུལ། སྒྲ་དང་བརྙན་གྱི་ནང་དོན་རྫུན་བཟོ་བྱས་ནས་མཐོང་ཐོས་རྙོག་བཟོ། ལོག་སྤྱོད་རླུང་འཕྲིན་ལས་ཁུངས་གཉེར་སྐྱོང་བྱས་ནས་ལོ་སྤྱོད་དྲིལ་བསྒྲགས་སིམ་འཛུལ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་བཀོད་གཏོང་བྱས་ནས་གླེང་ཕྱོགས་ལ་འབྲིད་ཁྲིད། ངོགས་གཉིས་ཀྱི་མང་ཚོགས་ལ་མགོ་སྐོར་གཏོང་བ་བཅས་བྱས་ཏེ། དམིགས་ཡུལ་ངོ་མ་ནི་“ཐའེ་ཝན་རང་བཙན་”སྐོར་གྱི་གཏམ་འཆལ་དྲིལ་བསྒྲགས་དང་རྒྱལ་ཁབ་ཁ་བྲལ་ངན་སྐུལ་བྱ་རྒྱུ་དེ་ཡིན།

    སྤྱི་བདེ་ལས་ཁུངས་ཀྱིས་བསྟན་དོན། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ཚོས་“ཐའེ་ཝན་རང་བཙན་”གྱི་ཉེན་ཁའི་རང་བཞིན་དང་གནོད་འཚེ་རང་བཞིན་གསལ་པོར་ངོས་འཛིན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་“ཐའེ་ཝན་རང་བཙན་”ཁ་བྲལ་སྟོབས་ཤུགས་དང་དབྱེ་མཚམས་གསལ་པོ་འབྱེད་ནས། འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་འདོན་སྤྲོད་ཧུར་ཐག་བྱས་ཏེ། སྐམ་ས་ཆེན་པོའི་སྤུན་ཟླ་དང་ལག་གདང་སྦྲེལ་ནས་“ཐའེ་ཝན་རང་བཙན་”ཁ་བྲལ་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་རེ་བ་ཡོད།