འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་11ཉིན།

༄༅།།ཀྲུང་གོས་འགྲེམས་ཁུལ་རྒྱ་སྐྱེད་བཏང་ནས་ཨ་རིའི་རྒྱལ་སྤྱིའི་ཚོགས་འདུ་དང་བྱ་དགའི་
ཡུལ་སྐོར་འགྲེམས་སྟོན་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་11ཉིན། 14:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ནི་ཟླ་10ཚེས་8ཉིན་ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་ཅཱ་སིར་མི་རྣམས་ཀྱིས་2025ལོའི་ཨ་རིའི་རྒྱལ་སྤྱིའི་ཚོགས་འདུ་དང་བྱ་དགའི་ཡུལ་སྐོར་འགྲེམས་སྟོན་གྱི་ཀྲུང་གོའི་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།

འདི་ནི་ཟླ་10ཚེས་8ཉིན་ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་ཅཱ་སིར་མི་རྣམས་ཀྱིས་2025ལོའི་ཨ་རིའི་རྒྱལ་སྤྱིའི་ཚོགས་འདུ་དང་བྱ་དགའི་ཡུལ་སྐོར་འགྲེམས་སྟོན་གྱི་ཀྲུང་གོའི་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཨ་རིའི་གྲོང་ཁྱེར་ལཱ་སི་ཝེ་ཅཱ་སི་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་དུས་ཡུན་ཉིན་གསུམ་གྱི་2025ལོའི་ཨ་རིའི་རྒྱལ་སྤྱིའི་ཚོགས་འདུ་དང་བྱ་དགའི་ཡུལ་སྐོར་འགྲེམས་སྟོན་གྲོང་ཁྱེར་ལཱ་སི་ཝེ་ཅཱ་སིར་འགོ་ཚུགས་པ་རེད། ཀྲུང་གོའི་ས་གནས་མང་པོའི་རིག་གནས་དང་ཡུལ་སྐོར་སྡེ་ཚན་དང་དེ་བཞིན་ཡུལ་སྐོར་ཁེ་ལས་མཉམ་དུ་འགྲེམས་སྟོན་ལ་ཞུགས་ནས་ཀྲུང་གོའི་ཡུལ་སྐོར་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་མངོན་པར་བྱས་པས། ཚོང་འགྲུལ་པ་མང་པོ་ཞིག་ངོ་འཕྲད་གྲོས་བྱེད་པར་བཀུག་པ་རེད།

     འགྲེམས་ཚོགས་རིང་། པེ་ཅིང་དང་། ཧྲའན་ཤིས། སི་ཁྲོན། ཁྲུང་ཆིང་། བོད་རང་སྐྱོང་ལྗོངས་བཅས་ཀྱི་ཡུལ་སྐོར་སྡེ་ཚན་དང་ཁེ་ལས་ཀྱིས་ཀྲུང་གོའི་འགྲེམས་ཁུལ་དུ་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་བྱེད་མཁན་ལ་ཀྲུང་གོའི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་རྫས་དང་དམིགས་སའི་ལེགས་ཆ་མངོན་པར་བྱས་པ་དང་འབྲེལ། ཆེད་དོན་གཏམ་བཤད་བརྒྱུད་ཀྲུང་གོའི་ཚོགས་འདུ་དང་བྱ་དགའི་ཡུལ་སྐོར་གྱི་སྒྲིག་བཀོད་དང་། ཞབས་ཞུའི་ནུས་པ། གསར་གཏོད་ཐོན་རྫས་བཅས་གསར་ཤོས་བརྒྱུད་རིམ་ལྡན་པའི་ངང་འོས་སྦྱོར་བྱས་ཡོད།