གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་11ཉིན། 14:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་9ཉིན་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་དང་སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཤིན་ལུང་རྫོང་དུ་ས་ཡོམ་རིམ་པ་5.4བརྒྱབ་རྗེས། གྲལ་བཤེར་རགས་ཙམ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡོམ་ལྟེའི་ཡོམ་འགོག་གི་འགོག་སྲུང་ཡོམ་ཤུགས་ཏུའུ་7ཡིན་པ་དང་ཡོམ་ལྟེའི་ཉེ་འཁོར་གྱི་གློག་ཤུགས་དང་། འགྲིམ་འགྲུལ། འཕྲིན་གཏོང་བཅས་རྒྱུན་གཏན་ཡིན་པ་མ་ཟད། ཚེས་9ཉིན་བར་ཁང་པ་གཏོར་སྐྱོན་ཤོར་བ་དང་མི་སྣ་ཤི་རྨས་ཀྱི་གནས་ཚུལ་གང་ཡང་འབྱོར་མེད་ཅིང་། གེགས་བར་གནས་ཚུལ་ལ་སྔར་བཞིན་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་སི་ཁྲོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ལས་དོན་ཚོགས་ཆུང་མངགས་ཏེ་ཡོམ་ལྟེ་རུ་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། སི་ཁྲོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་དཀར་མཛེས་ཀྲོའུ་འཕྲལ་སྡོམ་དོ་དམ་ཅུས་བཀོད་གཏོང་བྱས་ཏེ་སྔོན་ཚུད་ནས་དཀར་མཛེས་ས་ཡོམ་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་དང་དར་རྩེ་མདོ་ས་ཡོམ་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་ཀྱི་རླངས་འཁོར་2དང་མི་7ཤིན་ལུང་རྫོང་གི་ས་ཡུལ་དངོས་སུ་མངགས་ནས་ས་ཡོམ་གྱི་གནས་ཚུལ་དང་གེགས་བར་གནས་ཚུལ་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།