འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་13ཉིན།

༄༅།།རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ས་ཁོངས་སྒྲོལ་ནས་འགྲོ་སྐྱོད་བྱེད་མཁན་སྔོན་དཔག་ལྟར་ན་མི་ཐེངས་དུང་ཕྱུར་24ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་13ཉིན། 09:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་1ཉིན་ནས་ཚེས་8ཉིན(རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ཉིན་མོ)བར། རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་ནས་འགྲོ་སྐྱོད་བྱེད་མཁན་སྔོན་དཔག་ལྟར་ན་མི་ཐེངས་དུང་ཕྱུར་24.32ལྷག་ཙམ་ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་3.04ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

     འགྲོ་སྐྱོད་བྱེད་སྟངས་དབྱེ་ནས་བལྟས་ན། རིམ་རྩིས་ལས་གཞུང་ལམ་ནས་འགྲོ་སྐྱོད་བྱེད་མཁན(མྱུར་བགྲོད་གཞུང་ལམ་དང་དེ་བཞིན་རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མའི་གཉེར་སྐྱོང་རང་བཞིན་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བཏང་ནས་འགྲོ་སྐྱོད་བྱེད་མཁན་དང་གཞུང་ལམ་གྱི་གཉེར་སྐྱོང་འགྲུལ་སྐྱེལ་བྱེད་མཁན་ཚུད་པ)སྔོན་དཔག་ལྟར་ན་མི་ཐེངས་དུང་ཕྱུར་22.47ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་2.8ལས་བརྒལ་ཏེ་དུས་མཚུངས་ལས་6.5%འཕར་བ་དང་། རིམ་རྩིས་བརྒྱབ་ན་ལྕགས་ལམ་ནས་འགྲུལ་སྐྱེལ་བྱེད་ཚད་སྔོན་དཔག་ལྟར་ན་མི་ཐེངས་དུང་ཕྱུར་1.53ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1924ཟིན་པ་དེ་དུས་མཚུངས་ལས་2.6%འཕར་བ། རིམ་རྩིས་བརྒྱབ་ན་ཆུ་ལམ་ནས་འགྲུལ་སྐྱེལ་བྱེད་ཚད་སྔོན་དཔག་ལྟར་ན་མི་ཐེངས་ཁྲི་1167ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་146ཟིན་པ་དེ་དུས་མཚུངས་ལས་4.2%འཕར་བ། རིམ་རྩིས་བརྒྱབ་ན་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་སྐྱེལ་བྱེད་ཚད་སྔོན་དཔག་ལྟར་ན་མི་ཐེངས་ཁྲི་1917ཟིན་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་240ཟིན་པ་དེ་དུས་མཚུངས་ལས་3.4%འཕར་བ་བཅས་རེད།