འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་13ཉིན།

༄༅།།ཉིན་རེར་ཆ་སྙོམས་མྱུར་སྐྱེལ་ཐུམ་སྒྲིལ་དུང་ཕྱུར་9ལྷག་ཙམ་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་13ཉིན། 09:48】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཡོངས་སྦྲག་སྲིད་མྱུར་སྐྱེལ་ལས་སྒོའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་ཅིང་། ལས་རིགས་ཡོངས་ཀྱིས་ཁྱོན་བསྡོམས་མྱུར་སྐྱེལ་ཐུམ་སྒྲིལ་དུང་ཕྱུར་72.31ཐག་གཅོད་བྱས་པ་དང་ཉིན་རེར་ཐག་གཅོད་བྱེད་ཚད་དུང་ཕྱུར་9ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་མཉམ་དུ་འཁེལ་བས། འཛད་སྤྱོད་བྱེད་སྟངས་དང་འཛད་སྤྱོད་བྱེད་ས་སྣ་ཚོགས་གསར་གཏོད་དང་རྒྱ་སྐྱེད་བྱས་པས། ས་གནས་ཁག་གི་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་ཆེ་རུ་ཕྱིན་ཏེ་གུང་གསེང་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་མངོན་ཡོད་པ་རེད།