བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁག་ཐེངས་དྲུག་པའི“ཀོང་པོའི་ཤེས་ལྡན་པས”ཀོང་ཏུང་དུ་ལས་ཐོག་སློབ་སྦྱོང་ལ་བསྐྱོད་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་13ཉིན། 09:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ད་ལོའི་ཟླ་6པར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཁག་ཐེངས་དྲུག་པའི“ཀོང་པོའི་ཤེས་ལྡན་པ”ན་གཞོན་ལས་བྱེད་པ་31ཀོང་ཏུང་གི་ཤང་དང་གྲོང་རྡལ། ཁྲོམ་གཞུང་། དེ་བཞིན་འཕེལ་སྒྱུར་དང་། གྲོང་ཁྱེར་འཛུགས་སྐྲུན། ཞིང་ལས། རིག་གནས་དང་ཡུལ་སྐོར་སོགས་འཐབ་ས་དང་པོའི་སྡེ་ཚན་དུ་དུས་ཡུན་ཟླ་བ་གསུམ་ཙམ་གྱི་ལས་ཐོག་སློབ་སྦྱོང་བྱེད་པར་མངགས་པ་རེད། སློབ་མ་ཚོས“སློབ་སྦྱོང་པ”དང“ལག་ལེན་པའི”ཐོབ་ཐང་གཉིས་ཀྱི་ཐོག་ནས་མཚོ་ཁུག་ཁུལ་འཕེལ་རྒྱས་ཀྱི་འཕར་རྩ་ཚོར་བ་དང་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ཏེ་ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།
ལས་ཐོག་སློབ་སྦྱོང་བྱེད་རིང་། སློབ་མ་ཚོས་ཉིང་ཁྲིའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་ལག་ལེན་དངོས་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“ཐབས་མཆོག”ཤེས་རྟོགས་ཐུབ་པར་བྱས་ཡོད། གྲོང་ཁྱེར་འཆར་འགོད་ཁྱབ་ཁོངས་སུ་ཀོང་པོ་རྒྱ་མདའ་རྫོང་གི་སློབ་མས་ཀྲུང་ཧྲན་ཧོང་ཧྥུའུ་གྲོང་རྡལ་དུ《གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་ལ་ཞིབ་འཇུག་བྱས་ནས“ཁུལ་གསུམ་རྒྱུད་གསུམ”གྱི་གཅུན་འདོམས་འོག་གི་སྡེ་ཚན་མཉམ་སྒྲུབ་དང་ཐོན་ལས་མཉམ་འདྲེས་ལ་དཔང་པོ་བྱས་པ་དང་། རྣམ་གྲངས་དོ་དམ་ཐད་མེ་ཏོག་རྫོང་གི་སློབ་མས་ཧྥོ་ཧྲན་འཕེལ་སྒྱུར་ཨུ་ལྷན་གྱི“ས་ཆ་རག་མ་ཐག་ལས་འགོ་འཛུགས་པའི”སྒྱུར་བཅོས་ལས་བློ་སྐྱེད་བྱུང་སྟེ་མེ་ཏོག་རྫོང་གི་རྣམ་གྲངས་སྤེལ་དཀའ་བའི་གནད་དོན་ལ་ཁ་ཕྱོགས་བརྙེད་པ། དམངས་འཚོའི་ཞབས་ཞུའི་ཐད། ཏུང་ཀོན་ཀོན་ཁྲེང་ཁྲོམ་གཞུང་གི“དྲ་མིག་འདུམ་འགྲིག་ལས་དོན་ཁང”གི་སྣ་མང་མཉམ་བཅོས་བྱེད་སྟངས་དང་ཀོང་ཀྲོའུ་ཧྭ་ཏུའུ་ཆུས་ཀྱི་གྲོང་གསེབ་འཛུགས་སྐྲུན་གྱི་ཞིབ་ཕྲའི་ལྟ་སྐུལ་མཛུབ་ཁྲིད་ལས་སློབ་མ་ཚོས་དངོས་སྒྲུབ་སྤྱོད་ཚུལ་གྱི་གལ་ཆེའི་རང་བཞིན་ལ་མྱོང་ཚོར་གཏིང་ཟབ་ཐུབ་པ། ཐོན་ལས་སྐྱེད་སྲིང་ཐད། ཧྲུན་ཏེའི“ཁེ་ལས་ལ་དྲོ་སྐྱིད་སྦྱིན་པའི”བྱ་སྤྱོད་དང་། ཀྲུང་ཧྲན“4+6”དེང་རབས་ཀྱི་ཐོན་ལས་ཚོགས་སྤྱི། ཏུང་ཀོན་གྱི“ཁྲི་སྟོང་འདུ་འགོད”སོགས་ཀྱི་དཔེ་མཚོན་ལས་སློབ་མ་ཚོས་ཉིང་ཁྲིའི་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་བློ་སྒོ་འབྱེད་པ། ཁེ་ལས་ཀྱི་ཞབས་ཞུའི་ཐད། ཧྲེན་ཀྲེན་པའོ་ཨན་ཞི་ཤང་སྲང་ལམ་གྱི་སློབ་མས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་།“གྲང་བསིལ་སྦྱིན་པའི”བྱེད་སྒོ་སྤེལ་ཏེ། འཐབ་ས་དང་པོའི་ལས་བཟོར་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།