འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་14ཉིན།

༄༅།།གསའ་ཕུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་མཁན་མང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་14ཉིན། 09:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     དུས་ཆེན་གཉིས་རིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་ཁོངས་ཀྱི་རྒྱལ་ཁབ་ཀྱི་4Aརིམ་པའི་གསའ་ཕུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་དུ་ཡོང་མཁན་མང་བས་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་དུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། འབྲི་རུ་རྫོང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་1.83ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་864བྱུང་བ་དེ་དུས་མཚུངས་ལས་8.85%དང་20%སོ་སོར་འཕར་ཡོད།