དུས་ཚིགས་དང་པོ་ནས་གསུམ་པའི་བར།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 15:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིའི་ནང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཚད་ལྡན་དངོས་ཟོག་ཁག་891ལ་གསར་དུ་ཆོག་མཆན་སྤྲད་ནས་ཁྱབ་བསྒྲགས་བྱས་པ་དེ་དུས་མཚུངས་ལས་75.7%འཕར་ཞིང་། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཚད་ལྡན་དངོས་ཟོག་ཁག་48ཡོད་པ་དེས་བསྡུར་ཚད་ཀྱི་5.4%བཟུང་ནས་དུས་མཚུངས་ལས་23.1%འཕར་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་ལྡན་དངོས་ཟོག་ཁག་843ཟིན་པ་དེས་བསྡུར་ཚད་ཀྱི་94.6%བཟུང་ནས་དུས་མཚུངས་ལས་80.1%འཕར་ཡོད།
ཚད་ལྡན་དངོས་ཟོག་དེ་དག་ནི་རྫས་འགྱུར་དང་སྐྱེ་དངོས་སོགས་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་སྒོའི་ནང་མེད་དུ་མི་རུང་བའི“ཚད་ཤིང” དང“རྒྱ་རྡོ”ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཚད་འཇལ་ནུས་པ་འཛུགས་སྐྱོང་གི་འགག་རྩའི་གཞི་རྒྱུ་གཙོ་བོ་ཞིག་ཀྱང་རེད། མིག་སྔའི་བར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ཀྱི་ཚད་ལྡན་དངོས་ཟོག་ཁག་19349ཁྱབ་བསྒྲགས་བྱེད་པར་ཆོག་མཆན་སྤྲད་ཡོད།