འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་15ཉིན།

༄༅།།“སྐར་མ་བཅུའི་ནང་གཅེས་སེམས་ས་ཚུགས་སུ་སླེབས་ཐུབ།”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་14ཉིན། 15:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་10ཚེས་6ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར། ཉིན་གང་ལས་ཀ་བྱས་པའི་ཧྲུན་ཧྥུང་གི་མྱུར་སྐྱེལ་བ་ལིའུ་ཁོའོ་ཡིས་པེ་ཅིང་གྲོང་ནུབ་ཆུས་ཀྱི་ཏཱ་ཀྲ་ལན་ཁྲོམ་གཞུང་གི་ཏང་ཡོན་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་ཕྱེ་ནས་གསར་འགོད་པ་དང་ཁ་བརྡ་གློད།

     “ལྟོས་དང་། གློག་གསོག་འབོ་དང་། འཐུང་ཆུའི་འཕྲུལ་ཆས། ཝེ་པོ་ཚ་ཐབ། སྨན་སྒམ་སོགས་ཆ་ཚང་ཡོད” “ཁང་པ་འདི་ནི‘གཅེས་སེམས་ས་ཚུགས’རེད། ཕ་གི་ནི‘ཕོ་གསར་དོན་གྲོས་ཁང’རེད། ཐོག་ཁར་ད་དུང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་ཡང་སྤེལ་ཆོག”ཅེས་ལིའུ་ཁོའོ་ཡིས་གསར་འགོད་པར་ངོ་སྤྲོད་བྱས།

     “དང་ཐོག་འདི་གར་སླེབས་སྐབས། ཆར་གཡོལ་བྱེད་སའི་ཁང་པ་མང་པོ་མི་འདུག ད་ཆ། ས་ཚུགས་མང་པོ་ཡོད་པས་ཧ་ཅང་ཡག་པོ་འདུག”ཅེས་ལིའུ་ཁོའོ་ཡིས་བཤད།

     ལིའུ་ཁོའོ་ཡིས་ཁ་བརྡ་གློད་ཀྱིན་འགྲེམས་སྟོན་གྱང་གི་མདུན་དུ་ཕྱིན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་2019ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་མདུན་སྒོའི་ཧྲི་ཐོའུ་སྲང་ལམ་དུ་ཡོད་པའི་མྱུར་སྐྱེལ་ཞབས་ཞུའི་ས་ཚུགས་སུ་ཕེབས་ནས་འཚམས་འདྲི་གནང་བའི་སྐུ་པར་ཞིག་བསྟན།

     “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ནི‘ལས་ལ་བརྩོན་པའི་སྦྲང་ནོར་བུ་དང་འདྲ་བར་དཀའ་ལས་ཁག་ཤོས་ཀྱི་ངལ་རྩོལ་པ་རེད། ང་ཚོས་ཚང་མའི་འཚོ་བར་སྟབས་བདེ་སྐྲུན་གྱི་ཡོད་པ་རེད་ཅེས་གསུངས་བྱུང’ཞེས་ལིའུ་ཁོའོ་ཡིས་བཤད།

80 100 355…… འདི་ནི་2021ལོ་ཚུན་གྲོང་ནུབ་ཆུས་ཀྱི་ས་ཚུགས་མང་དུ་ཕྱིན་པའི་གྲངས་གཞི་རེད། 

     1500ལྷག་ནི་མིག་སྔར་ཆུས་ཡོངས་ཀྱི“‘མྱུར་སྐྱེལ་ཤུགས་སྒྲིལ་སྨི་ངོས་གྲུའི་ཞབས་ཞུའི་ཁུལ”གྱི་གྲངས་འབོར་རེད།

     གྲངས་གཞི་འདི་དག་ལས་ལྗིད་ཏིག་ཏིག་གི་ཐོབ་སྣང་མཚོན་ལ། ལིའུ་ཁོ་ཡིས“ད་ཆ། སྐར་མ་བཅུའི་ནང་གཅེས་སེམས་ས་ཚུགས་སུ་སླེབས་ཐུབ། ས་ཚིགས་སུ་འབྱོར་ཚེ་རང་ཁྱིམ་དུ་སླེབས་པ་དང་འདྲ”ཞེས་བཤད།

     གྲངས་གཞི་འདི་དག་ལས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མངོན་ཡོད། “གྲོང་ཁུལ་རྙིང་པར་མི་འབོར་མང་ཡང་ས་རྒྱ་ཆེན་པོ་མེད་པས། ང་ཚོས་ཏང་ཡོན་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་དང་། དངུལ་ཁང་། སྒོ་རྩིས་ཚོང་ཁང་། བདེ་སྲུང་སོ་ཁང་སོགས་ཚང་མ་བེད་སྤྱོད་བཏང་ཡོད”ཅེས་གྲོང་ནུབ་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའི་ཁོའོ་གསུམ་པའི་ཁོའོ་ཀྲང་ཝང་ཧུང་ཐེན་གྱིས་བཤད།

     དམངས་འཚོ་ནི་དོན་ཆུང་མིན། གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱི་ཁྲི་8400ཡི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་ནང་བཅུག་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་དུ“ལས་ཞུགས་རྣམ་པ་གསར་པར་རྒྱབ་སྐྱོར་དང་ཚད་ལྡན་འཕེལ་རྒྱས་གཏོང་དགོས”ཞེས་བཏོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་དུ“སྐབས་བསྟུན་ལས་ཞུགས་མི་སྣ་དང་། ཞིང་པ་ལས་མི། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད།

     གཅེས་སྐྱོང་དང་དོ་ཁུར་བྱས་ནས། བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་སྒྲུབ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན། ལོ་འདི་དག་རིང་། ལིའུ་ཁོ་ཡིས་དངོས་ཟོག་སྐྱེལ་བའི་ལམ་ཐིག་དེ“འགན་འཁྲི་འཁུར་ཁུལ”དུ་བརྩིས་ནས་གྲོང་མིར་རོགས་རམ་དང་ཚང་སྟོང་རྒན་རྒོན་ལ་ཆ་སྒྲིག་རོགས་སྐྱོར་བྱས་པས་གྲོང་མི་ཚོའི“སྙིང་ཉེ་བར”གྱུར་ཡོད།

     ད་ཆ། ལིའུ་ཁོ་དང་འདྲ་བའི“གྲོང་ནུབ་ཕོ་གཞོན”ཁྲི་5.1དུས་བདེ་འཛུགས་སྐྲུན་དང་རྒན་རྒོན་ཞབས་ཞུ་སོགས་གཞི་རིམ་བཅོས་སྐྱོང་ལས་དོན་ནང་ཞུགས་ཡོད་པ་རེད།