གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 15:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱི་དྲ་ཚིགས་ཐོག་གི་གནས་ཚུལ་ལ་གཞིགས་ན། ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གོང་འཕར་ཆག་བྱུང་བས། ཟླ་10ཚེས་13ཉིན་སྔོན་གྱི་ལས་ཉིན་10ཡི་ཆ་སྙོམས་རིན་གོང་དང་ཐེངས་སྔོན་མའི་རིན་གོང་ལེགས་སྒྲིག་སྔོན་གྱི་ལས་ཉིན་10ཡི་ཆ་སྙོམས་རིན་གོང་བསྡུར་བ་ལྟར་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་སྣུམ་གྲུབ་མའི་རིན་གོང་ལམ་སྲོལ་ལྟར་ན། ཟླ་10ཚེས་13ཉིན་གྱི་ཆུ་ཚོད་24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་(ཚད་ལྡན་ཐོན་རྫས། གཤམ་དུ་གཅིག་མཚུངས།)ཏུན་རེར་སྒོར་75དང་70སོ་སོར་དམའ་རུ་ཕྱིན་ཡོད། དེ་ལྟར་རྩིས་བརྒྱབ་ན། ཧྲེང་50ཡོད་པའི་སྒམ་གཅིག་ལ་རླངས་སྣུམ་ཨང་92པ་བླུགས་ན་སྒོར་3ཡས་མས་དམའ་རུ་འགྲོ་སྲིད།
ཐེངས་འདིའི་རིན་གོང་ནི་2025ལོའི་རིན་གོང་ལེགས་སྒྲིག་ཐེངས་ཉི་ཤུ་པ་ཡིན་ལ། 2025ལོའི་རིན་གོང་ཇེ་དམའ་རུ་གཏོང་བ་ཐེངས་བརྒྱད་པ་ཡང་ཡིན། ཐེངས་འདིའི་རིན་གོང་ལེགས་སྒྲིག་ལག་ལེན་བསྟར་རྗེས། 2025ལོར་སྣུམ་གྲུབ་མའི་རིན་གོང་ལེགས་སྒྲིག་ལ་“དྲུག་འཕར་བརྒྱད་ཆག་དྲུག་ལ་འགལ་རྐྱེན་བྱུང་བའི་”རྣམ་པ་མངོན་ཡོད། ཐེངས་རྗེས་མའི་རིན་གོང་ལེགས་སྒྲིག་སྒེའུ་ཁུང་དེ་2025ལོའི་ཟླ་10ཚེས་27ཉིན་གྱི་ཆུ་ཚོད་24ཐོག་སྒོ་འབྱེད་རྒྱུ་ཡིན་པ་རེད།
ལས་རིགས་ནང་ཁུལ་གྱི་མི་སྣས་དབྱེ་ཞིབ་བྱས་པར་གཞིགས་ན། རྗེས་ཕྱོགས་ཀྱི་ཁྲོམ་རར་རྒྱང་ལྟ་བྱས་ཚེ། OPEC+ཟླ་10པ་ནས་བཟུང་ཐོན་འཕར་རེས་སྐོར་གསར་པ་བྱེད་འགོ་ཚུགས་རྒྱུ་ཡིན་པ་མ་ཟད། ས་བབ་ཀྱི་དུས་བབ་བརྟན་བརླིང་མིན་ཡང་ཛ་དྲག་ཇེ་ཆེར་འགྲོ་བའི་སྣང་ཚུལ་མངོན་གསལ་དོད་པོ་མེད་པ། མཁོ་སྤྲོད་ལྷག་དྲགས་པའི་ཉེན་ཁ་དེས་ཁྲོམ་རར་སྔར་བཞིན་སེམས་ཁྲལ་བཟོ་གིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དགོས་མཁོའི་མདུན་ལམ་ཡག་པོ་མེད། སྤྱི་ཡོངས་ནས་བལྟས་ན། རེས་སྐོར་རྗེས་མའི་སྣུམ་གྲུབ་མའི་རིན་གོང་དམའ་རུ་འགྲོ་ཤས་ཆེ་བའི་སྔོན་དཔག་བྱས་ཡོད།