གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 15:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་13ཉིན་དབྱི་སི་རལ་སྨྱན་སྦྱོར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)གྱིས་དབྱི་སི་རལ་ཕྱོགས་ཀྱི་མི་སྣ་བཀག་ཉར་བྱས་རིགས་གློད་འགྲོལ་གཏོང་འགོ་ཚུགས་ཡོད་པ་རེད།
དབྱི་སི་རལ་གྱི་འཕྲིན་ལམ་12པས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་ཕྱོགས་ཀྱི་མི་སྣ་བཀག་ཉར་བྱས་པ་7རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ལ་བརྒྱུད་སྤྲོད་བྱས་པ་དང་ད་ཆ་ཁོང་ཚོའི་གནས་ཚུལ་ཡག་པོ་ཡོད་པ་རེད།
ཚེས་13ཉིན་ཕ་ལེ་སི་ཐན་སྨྱན་སྦྱོར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཧ་མ་སིས་བཀག་ཉར་བྱས་པའི་མི་སྣ་ཁག་གཉིས་སུ་དབྱེ་ནས་གློད་འགྲོལ་གཏོང་རྒྱུ་ཡིན་པ་དང་ས་གནས་དེ་གའི་དུས་ཚོད་ཚེས་13ཉིན་གྱི་ཞོགས་པའི་ཆུ་ཚོད་8པར་ཁག་དང་པོ་དང་ཆུ་ཚོད་10པར་ཁག་གཉིས་པ་གློད་འགྲོལ་གཏོང་རྒྱུ་ཡིན་པ་རེད། ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་10པར་དབྱི་སི་རལ་གྱིས་བཀག་ཉར་བྱས་པའི་ཕ་ལེ་སི་ཐན་གྱི་མི་སྣ་གློད་འགྲོལ་གཏོང་རྒྱུ་ཡིན་པ་རེད།