ཕོ་བྲང་ཁེ་ལིན་མུའུ་ལིན་ནས་གནས་འཕྲིན་སྤེལ་བ་ལྟར་ན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་14ཉིན། 15:35】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་13ཉིན་ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་གཉིས་ཁ་པར་གཏོང་ལེན་གྱི་དོན་དག་ཐད་སྔར་བཞིན་ངོས་འཛིན་གཅིག་མཐུན་གསལ་པོ་བྱུང་མེད་པ་རེད་ཞེས་བཤད་ཡོད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། དེའི་གོང་ལ་ཐེ་རོན་ཕུའུ་ཡིས་གསར་འགོད་པར་ཁོ་པས་ཡུག་རེན་ལ་“དམག་འཐབ་སྟ་རེའི་”འཕུར་མདེལ་མཁོ་འདོན་བྱ་རྒྱུའི་གནད་དོན་ཕུའུ་ཅིང་དང་གྲོས་བསྡུར་བྱེད་སྲིད་ཚུལ་བཤད་པ་དང་། ཁོ་པས་ངོ་སྤྲོད་བྱས་པར་གཞིགས་ན། ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་ཐབས་བྲལ་ཚེ། ཝ་ཧྲིང་ཐོན་ཕྱོགས་ནས་ཡུག་རེན་དམག་དཔུང་ལ་འཕུར་མདེལ་དེ་རིགས་མཁོ་འདོན་བྱེད་སྲིད་ཅེས་བཤད་པ་རེད།
ཐེ་རོན་ཕུའུ་དང་ཕུའུ་ཅིང་གཉིས་ཀྱིས་“དམག་འཁྲུག་སྟ་རེའི་”འཕུར་མདེལ་གནད་དོན་ཐད་ཁ་པར་རྒྱག་སྲིད་པའི་སྐོར་གྱི་དྲི་བར་ལན་འདེབས་སྐབས། ཕེ་སི་ཁོ་ཕུའུ་ཡིས་བཤད་དོན། ཐེ་རོན་ཕུའུ་ཡི་བཤད་ཚུལ་ལྟར་ན། ཐེ་རོན་ཕུའུ་ཡིས་གནས་ཚུལ་དེ་རིགས་གླེང་ཡོད་མོད། འོན་ཀྱང་ད་ཆ་ཁ་པར་གཏོང་རྒྱུའི་ཐད་གཅིག་མཐུན་གསལ་པོ་གང་ཡང་བྱུང་མེད། གཅིག་མཐུན་བྱུང་ཚེ་ཁ་པར་གཏོང་རྒྱུ་རེད། ད་ཆ་ཁ་པར་ཐོག་གྲོས་མོལ་དེ་རིགས་མགྱོགས་མྱུར་བཀོད་སྒྲིག་བྱེད་པའི་ཆ་རྐྱེན་ཚང་མ་ཡོངས་སུ་ལྡན་ཡོད་”ཅེས་བཤད།