འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་15ཉིན།

༄༅།།ཀྲུང་གོ(ཧྲན་ཏུང)དང་མོ་ཙམ་པི་ཁེའི་དབར་གྱི་རང་བྱུང་ཐོན་ཁུངས་གསར་སྤེལ་མཉམ་ལས་འབྲེལ་མཐུད་ཚོགས་འདུ་མོ་ཙམ་པི་ཁེ་རུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་15ཉིན། 13:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཕུ་ཐོ་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། ཀྲུང་གོ(ཧྲན་ཏུང)དང་མོ་ཙམ་པི་ཁེ་དབར་གྱི་རང་བྱུང་ཐོན་ཁུངས་གསར་སྤེལ་མཉམ་ལས་འབྲེལ་མཐུད་ཚོགས་འདུ་མོ་ཙམ་པི་ཁེའི་རྒྱལ་ས་མ་ཕུ་ཐོ་རུ་འཚོགས་ནས། ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་ཆེད་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད།

     མོ་ཙམ་པི་ཁེའི་གཏེར་ལས་རྒྱལ་དོན་དྲུང་ཡིག་རུའོ་རེ·ཏ་ཝུའུ་ཏུའོ་ཡིས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་མོ་ཙམ་པི་ཁེའི་རྨང་གཞིའི་སྒྲིག་བཀོད་དང་། ནུས་རྒྱུ། རང་བྱུང་ཐོན་ཁུངས་གསར་སྤེལ་བཅས་ལ་མེད་དུ་མི་རུང་བའི་མཉམ་ལས་ཀྱི་རོགས་ཟླ་ཡིན། ད་ལོ་ནི་མོ་ཙམ་པི་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་རེད། ཧྲན་ཏུང་ཞིང་ཆེན་གྱི་གཏེར་འདོན་དང་། ལྕགས་བཞུ། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་སྟོབས་ཤུགས་ཆེ་བས། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཧྲན་ཏུང་ཞིང་ཆེན་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

     སྐབས་འདིའི་འབྲེལ་མཐུད་ཚོགས་འདུ་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་ཕྱི་དོན་གཞུང་དོན་ཁང་དང་མོ་ཙམ་པི་ཁེ་མ་འཇོག་དང་ཕྱིར་གཏོང་སྐུལ་འདེད་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། ཧྲན་ཏུང་ཞིང་ཆེན་དང་མོ་ཙམ་པི་ཁེའི་སྲིད་གཞུང་དང་ཚོང་དོན་ཁྱབ་ཁོངས་ཀྱི་འཐུས་མི་ཚོགས་འདུར་ཞུགས་ནས། སྲིད་ཇུས་ངོ་སྤྲོད་དང་འབྲེལ་མཐུད་གྲོས་མོལ་བྱེད་སྒོ་སྤེལ་བ་རེད།