འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་15ཉིན།

“རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཡོང་བར་ང་ཡིས་འབད། དུས་རབས་གསར་པའི་ལོ་ཆུང་བཟང་པོ་བརྩོན་ལེན་བྱེད།”

༄༅།།ས་གནས་ཁག་གིས་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་པའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་15ཉིན། 14:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་13ཉིན་ནི་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་ངོ་76འཁོར་བའི་དྲན་གསོའི་ཉིན་མོ་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་ལས་དོན་ཨུ་ལྷན་གྱིས“རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཡོང་བར་ང་ཡིས་འབད། དུས་རབས་གསར་པའི་ལོ་ཆུང་བཟང་པོ་བརྩོན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རྒྱུ་བཀོད་སྒྲིག་བྱས་ཤིང་། ས་གནས་ཁག་གི་ལོ་ཆུང་གདོང་ལེན་རུ་ཁག་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིར་ཏང་གཅེས་རྒྱལ་གཅེས་དང་། སློབ་སྦྱོང་ལ་འབད་བརྩོན། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བརྩོན་ལེན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

     པེ་ཅིང་དུ། ཅིན་ཧྲན་སློབ་གྲྭས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་རུ་མི་གསར་པ་རུ་ཁག་ནང་ཞུགས་པ་དང་དམའ་འབྲིང་གི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་པའི་མཛད་སྒོ་འཚོགས་ཤིང་། འགྲེམས་སྟོན་ལ་བལྟས་པ་བརྒྱུད་ལོ་ཆུང་གདོང་ལེན་རུ་མི་ཚོའི་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་དུ་ཕྱིན་ཡོད། ཤིན་ཅང་དུ། ཨ་ཐུའུ་ཧྲི་གྲོང་ཁྱེར་ཧ་ལ་ཅུན་ཤང་ཤེ་དབྱི་ཐེ་སློབ་ཆུང་དུ་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་གྱི་འཐུས་མི་དང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་འཐུས་མི། རུ་མི་རྒན་གྲས་ཀྱི་འཐུས་མི་བཅས་ཀྱིས་རུ་མི་གསར་པར་སྐེ་དར་དམར་པོ་གཡོགས་པ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ནུབ་རྒྱུད་འཆར་གཞིའི་དང་བླངས་པ་དང“སྐེ་དར་དམར་པོའི་སྒྲོག་འགྲེལ་པས”བརྩེ་བ་ཟབ་མོའི་ངང་ས་མཐོའི་དཔོན་དམག་གིས་ས་མཚམས་རྡོ་རིང་སྲུང་བ་དང་མཐའ་སྲུང་སྐོར་ཞིབ་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་དེ། ལོ་ཆུང་གདོང་ལེན་རུ་མིའི་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པའི་སྐུལ་ལྕག་བྱས་པ་རེད།

     ཧྲན་ཤིས་སུ། 《སེ་འབྲུའི་རྡོག་བུ་ཆུང་ཆུང་། བྱིས་སེམས་འབྱུང་འགྱུར་ལ་ཕྱོགས》ཞེས་པའི་རུ་ཁག་གི་སློབ་ཚན་འཁྲིད་པ་དང་། ལོ་ཆུང་གདོང་ལེན་རུ་མི་ཚོ་མཉམ་དུ་སྤེལ་རེས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཀོང་ཤིས་ཀྱིས“དྲ་ཕྱིའི་ཚོགས་ར་གཙོ་བོ་དང་དྲ་ཐོག་མཉམ་འགུལ་བྱེད་པ་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་ནང་སོག་དང་། བོད་ལྗོངས། ཉིང་ཞ། ཤིན་ཅང་སོགས་ས་ཁུལ་གྱི་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་དང་མཉམ་འབྲེལ་གྱིས་མཉམ་དུ་གླུ་གཞས་གཅིག་ལེན་པ་དང་། མཉམ་དུ་སློབ་ཚན་གཅིག་འཚོགས་པ། མཉམ་དུ་འཕྲིན་ཡིག་གཅིག་འབྲི་བ་བཅས་བྱས་ཏེ“རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཡོང་བར་ང་ཡིས་འབད་པའི”ལོ་ཆུང་གདོང་ལེན་རུ་མིའི་རོལ་དབྱངས་སྙན་པོ་དཀྲོལ་བ་རེད།