གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 14:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཚེས་14ཉིན་ཨན་ཧུའེ་ཞིང་ཆེན་ཧུའོ་ཧྲན་རྫོང་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་གིས་ཧུའོ་ཧྲན་ཁུལ་ཆུང་ཞིག་གི་ཁང་བདག་གིས་རང་དགར་ས་འོག་ཁང་པ་བརྐོས་ནས་ཐོག་ཁང་ལ་གས་སྲུབས་བཟོས་པའི་དོན་རྐྱེན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་བརྡ་ཁྱབ་བྱས་པ་དེའི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
2025ལོའི་ཟླ་7ཚེས་3ཉིན། ཅིན་ཞིའུ་ལན་ཝན་ཁུལ་ཆུང་གི་ཁང་བདག་ཧོང་ཆེ་གེ་མོས་སྙན་སེང་ཆོག་མཆན་མ་ཞུས་པར་སྒྲིག་འགལ་ངང་སྒེར་གྱིས་ཉོས་པའི་ཁང་པ་ཞིག་ཏུ་ས་འོག་ཁང་པ་བརྐོས་ཡོད་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཧུའོ་ཧྲན་རྫོང་གིས་འཕྲལ་མར་སྡོད་ཁང་འཛུགས་སྐྲུན་དང་། གྲོང་ཁྱེར་དོ་དམ། སྤྱི་བདེ་སོགས་སྡེ་ཚན་གྱིས་གྲུབ་པའི་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་འཕྲལ་མར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་དཔྱད་ཞིབ་བཤེར་དང་ཡོངས་ཁྱབ་ཞིབ་བཤེར་དང་། རྨང་གཞི་བརྟན་དུ་གཏོང་བ། གྲུབ་ཚུལ་བདེ་འཇགས་ཡིན་པའི་གསལ་འབྱེད། གྱོད་གཞིའི་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་བ་རེད།
གྱོད་འབྲེལ་ཁང་བདག་ཧོང་ཆེ་གེ་མོ་ཟླ་8ཚེས་21ཉིན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་ཟླ་9ཚེས་19ཉིན་འཛིན་བཟུང་བྱས། གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།
ཟླ་9ཚེས་1ཉིན་ཁང་པའི་རྨང་གཞི་བརྟན་གཏོང་ལས་གྲྭ་ལེགས་གྲུབ་བྱུང་བ་མ་ཟད། རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། མིག་སྔའི་བར་ཁང་པའི་གྲུབ་ཆའི་བདེ་འཇགས་ཀྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་ཁག་ཚང་མ་རྒྱུན་ལྡན་གྱི་གྲངས་ཐང་ཁྱབ་ཁོངས་ནང་ཡོད་པ་རེད། གོམ་སྟབས་རྗེས་མར་བརྟག་དཔྱད་བྱས་འབྲས་གཞིར་བཟུང་། གྱོད་གཞི་དེ་དང་འབྲེལ་ཡོད་འགན་འཁུར་མི་སྣ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་མ་ཟད། ཁང་པའི་བདེ་འཇགས་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱས་ཏེ་རྒྱ་ཆེའི་ཁང་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།