གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་15ཉིན། 14:14】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའི་བཀའ་རྒྱ། 2025ལོའི་ཨང་6པ།
ཧན་ཧྭ་རྒྱ་མཚོ་མ་རྐང་ཚད་ཡོད་ཀུང་སིའི་ཨ་རིའི་འབྲེལ་ཡོད་ཡན་ལག་ཀུང་སི་5ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་ཆོད་དོན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའི་བཀའ་རྒྱ།
2025ལོའི་ཨང་6པ།
ཨ་རིས་ཀྲུང་གོར་མཚོ་དོན་དང་། ཟོག་འགྲེམས། གྲུ་གཟིངས་བཟོ་སྐྲུན་ལས་རིགས་བཅས་ཀྱི་བརྟག་དཔྱད་བྱེད་ཐབས་301སྤྱད་པར་ལྡོག་གཅུན་བྱེད་ཆེད། རྒྱལ་ཁབ་ཀྱི་ཕྱི་རྒྱལ་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ལམ་སྲོལ་གྱི་ཆོག་མཆན་བརྒྱུད། ད་ལྟ་《ཧན་ཧྭ་རྒྱ་མཚོ་མ་རྐང་ཚད་ཡོད་ཀུང་སིའི་ཨ་རིའི་འབྲེལ་ཡོད་ཡན་ལག་ཀུང་སི་5ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་ཆོད་དོན་》ཁྱབ་བསྒྲགས་བྱས་ནས་2025ལོའི་ཟླ་10ཚེས་14ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
པུའུ་ཀྲང་ཝང་ཝུན་ཐའོ།
2025ལོའི་ཟླ་10ཚེས་14ཉིན།
ཧན་ཧྭ་རྒྱ་མཚོ་མ་རྐང་ཚད་ཡོད་ཀུང་སིའི་ཨ་རིའི་འབྲེལ་ཡོད་ཡན་ལག་ཀུང་སི་5ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་སྐོར་གྱི་ཆོད་དོན།
ཨ་རིས་ཀྲུང་གོའི་མཚོ་དོན་དང་། ཟོག་འགྲེམས། གྲུ་གཟིངས་བཟོ་སྐྲུན་ལས་རིགས་བཅས་ལ་བརྟག་དཔྱད་301བྱས་པ་དང་འབྲེལ་བྱ་ཐབས་སྤྱད་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱབ་འགལ་ཚབས་ཆེན་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། ཧན་ཧྭ་རྒྱ་མཚོ་མ་རྐང་ཚད་ཡོད་ཀུང་སིའི་ཨ་རིའི་འབྲེལ་ཡོད་ཡན་ལག་ཀུང་སིས་ཨ་རི་སྲིད་གཞུང་གི་འབྲེལ་ཡོད་བརྟག་དཔྱད་བྱེད་སྒོར་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ནས་རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་གནོད་འཚེ་བཏང་ཡོད།
《ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་དོན་ཚན་གསུམ་པ་དང་། བཞི་པ། དྲུག་པ། དགུ་པ། བཅུ་པ། བཅོ་ལྔ་བཅས་དང་། 《<ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་>ལག་བསྟར་བྱེད་པའི་གཏན་འབེབས་》ཀྱི་དོན་ཚན་གསུམ་པ་དང་། ལྔ་པ། བརྒྱད་པ། བཅུ་པའི་གཏན་འབེབས་ལྟར་ན། རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ལས་དོན་མཐུན་སྦྱོར་ལམ་སྲོལ་གྱི་ཆོག་མཆན་བརྒྱུད། ཀྲུང་གོ་ཕྱོགས་ཀྱིས་ཧན་ཧྭ་རྒྱ་མཚོ་མ་རྐང་ཚད་ཡོད་ཀུང་སིའི་ཨ་རིའི་འབྲེལ་ཡོད་ཡན་ལག་ཀུང་སི་ལྔ་སྟེ། Hanwha Shipping LLC, Hanwha Philly Shipyard Inc., Hanwha Ocean USA International LLC, Hanwha Shipping Holdings LLC, HS USA Holdings Corp.བཅས་བཀག་སྡོམ་ལ་ངོ་རྒོལ་གྱི་རྩིས་ཐོའི་ནང་འཇུག་དགོས་པ་མ་ཟད། གཤམ་གསལ་གྱི་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུ་སྟེ། རང་རྒྱལ་མངའ་ཁོངས་ཀྱི་རྩ་འཛུགས་དང་མི་སྒེར་གྱིས་དེ་དང་འབྲེལ་ཡོད་ཉོ་ཚོང་དང་མཉམ་ལས་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག