འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་15ཉིན།

༄༅།།བུད་མེད་ཞིག་གི་རྐང་མཐིལ་ནས་གློ་བུར་ཁྲག་དོན་པས་འཕྲལ་མར་སྨན་ཁང་དུ་བསྐྱལ།
དངོས་རིགས་འདི་མི་མང་པོ་ཞིག་གིས་བཀོལ་བཞིན་ཡོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་15ཉིན། 14:22】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉིན་ཤས་གོང་དྲ་གྲོགས་ཞིག་གིས་རང་ཉིད་རྐང་མཐིལ་གནོན་པང་དུ་སྦྱོང་བརྡར་བྱེད་སྐབས། རྐང་མཐིལ་ལ་གློ་བུར་དུ་ཁྲག་ཐོན་འཕྲལ་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱེད་དགོས་བྱུང་ཞེས་བཤད་པའི་བརྙན་ལམ་བསྐུར་ཡོད་པ་རེད། དོ་བདག་ཞུའེ་ཆེ་གེ་མོས་རང་ཉིད་ཀྱིས་དྲ་ཐོག་ནས་རྐང་མཐིལ་གནོན་པང་སྤྱད་ན་གཉིད་ཁུགས་པར་ཕན་ཐོགས་ཡོད་པ་གོ་ཐོས་བྱུང་བས། སྐར་མ་10ལྷག་ཙམ་བསྣན་བཅག་བྱས་རྗེས་ཕན་འབྲས་ཆེན་པོ་ཡོད་རུང་། སྐར་མ་15ཡས་མས་ཙམ་ལ་གློ་བུར་ན་ཟུག་ཇེ་ཆེར་སོང་རུང་ཞུའེ་ཆེ་གེ་མོས་“ན་ཟུག་བཏང་ན་བསྣན་བཅག་བྱེད་སྟངས་མ་འགྲིག་པ་རེད་་”བསམས་ནས་ན་ཟུག་བཟོད་སྒོམས་བྱས། སྐར་མ་20ལ་སླེབས་སྐབས་རྐང་མཐིལ་ནས་གློ་བུར་དུ་ཁྲག་དོན་པས། ད་གཟོད་རྐང་མཐིལ་དུ་ཁྲག་འབུར་ཁྱོན་ཆེ་ཤར་ཡོད་པ་མ་ཟད། ཁ་ཤས་བརྡོལ་་ཟིན་པ་ཤེས།

     དེའི་གོང་ལ་དྲ་ཐོག་དུ་“རྐང་མཐིལ་གནོན་པང་ཐོག་དལ་པོར་རྒྱུགས་པའི་”ལུས་རྩལ་དར་ཁྱབ་ཆེ་ཞིང་། མི་མང་པོ་ཞིག་གིས་ལད་མོས་བྱས་ནས་རྐང་མཐིལ་གནོན་པང་ཉོས་ཏེ་ཁྱིམ་དུ་བརྙན་ལམ་དང་མཉམ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དང་། ད་དུང་མི་རེ་འགས་རང་ཉིད་ཟླ་བ་གཅིག་གི་ནང་དུ་རྒྱ་མ་20སྐམ་སོང་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་འཚོལ་ཞིབ་བྱས་པ་ལས་མི་མི་ཉུང་བ་ཞིག་ལའང་ཞུའེ་ཆེ་གེ་མོ་དང་འདྲ་བའི་གནས་ཚུལ་ཐོན་ཡོད་པ་རེད།

     01

     མི་ཚོགས་འདི་དག་རྐང་མཐིལ་གནོན་པང་བཀོལ་ནས་སྦྱོང་བརྡར་བྱེད་པར་མི་འཚམ།

     རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ལུས་རྩལ་གསོ་རིག་ཞིབ་འཇུག་ཁང་གི་ཀྲུའུ་རེན་སྨན་པ་ཧོང་ཀོང་མིན་གྱིས་རྐང་མཐིལ་གནོན་པང་སྟེང་དུ་རྒྱུགས་མཆོང་གི་འགུལ་སྐྱོད་བྱེད་རིགས་འོས་སྦྱོར་མི་བྱེད། གང་ལགས་ཤེ་ན། ལུས་པོའི་ལྗིད་ཚད་ཅུང་ཆེ་བ་དང་རྒྱུགས་མཆོང་གི་འགུལ་སྐྱོད་རྡེབ་ཤུགས་ཀྱང་ཧ་ཅང་ཆེ་བས། རྐང་པར་རྨས་སྐྱོན་བཟོ་སྲིད་ཞེས་བཤད་ཡོད་པ་རེད།

     གཞན་ཡང་ཧོང་ཀོང་མིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མི་ཚང་མ་རྐང་མཐིལ་གནོན་པང་གི་སྦྱོང་བརྡར་དང་འཚམ་པ་དེ་འདྲ་མ་རེད། གཤམ་གྱི་མི་ཚོགས་རྐང་མཐིལ་གནོན་པང་དུ་ལུས་སྦྱོང་བྱེད་པར་འོས་སྦྱོར་མི་བྱ།

     རྐང་པར་རྨས་སྐྱོན་ཡོད་པ་(ཚིགས་སྦོས་ནས་ན་བ་དང་རྩ་འཆུས་དང་ཚིགས་འཆུས་སོགས་འདུས་)དང་ཚ་ནད་ད་དུང་དྲག་སྐྱེད་མ་བྱུང་བའི་རིགས།

     རྟིང་པ་ན་བ་དང་རྐང་ལོང་ན་བ་སོགས་རྐང་ནད་ཕོག་པའི་ནད་པ་འགའ་ཞིག

      གཅིན་པ་མངར་འགྱུར་གྱི་རྐང་པའི་ནད་པ་བཅས་རེད།

     02

     རྐང་མཐིལ་གནོན་པང་སྦྱོང་བརྡར་རིམ་པ་བཞིན་བྱེད་དགོས།

     ཐེངས་རེར་སྐར་མ་10ནས་15བར་བྱས་ན་འཚམ།

     ལུས་སྦྱོང་གི་དུས་ཚོད་ཐད་ཧོང་ཀོང་མེན་གྱིས་ཐེངས་རེར་སྐར་མ་10ནས་15བར་རྒྱུན་མཐུད་ནས་བསྐྱོད་ན་འགྲིག་པའི་གྲོས་འགོ་བཏོན་ཡོད་པ་རེད། དུས་ཚོད་ཐུང་དྲགས་ན་སྦྱོང་བརྡར་གྱི་ཕན་འབྲས་ཐོན་མི་སྲིད། འོན་ཀྱང་རྐང་མཐིལ་གནོན་པང་སྟེང་དུ་སྦྱོང་བརྡར་བྱེད་ཡུན་རིང་དྲགས་ན་རྐང་པར་གནོད་སྐྱོན་འབྱུང་སྲིད། རུས་རྒྱུ་སབ་སོབ་དང་རུས་ཚིགས་ཉམས་པའི་ནད་འགྱུར་ཕོག་མིས་རྐང་མཐིལ་གནོན་པང་སྟེང་དུ་སྦྱོང་བརྡར་བྱེད་ཡུན་ཚོད་འཛིན་བྱེད་དགོས། རུས་རྒྱུ་སབ་སོབ་དུ་གྱུར་ན་རུས་པ་སྲ་ཚད་ཇེ་ཞན་དུ་འགྲོ་སྲིད། ཅུང་སྲ་བའི་རྐང་མཐིལ་གནོན་པང་སྟེང་དུ་འགྲོ་བསྐྱོད་བྱས་ན་གནོད་སྐྱོན་ཡང་འབྱུང་སླ། རུས་ཚིགས་ཉམས་པའི་ནད་འགྱུར་ནི་རུས་རྒྱུ་འཕར་སྐྱེ་གཙོ་བོ་ཡིན་པས། ཡུན་རིང་སོང་ན་པུས་ཚིགས་སྐྲངས་པ་དང་ན་ཟུག་འབྱུང་སྲིད། ཧོང་ཀོང་མིན་གྱིས་ད་དུང་དམིགས་བསལ་དུ་དྲན་སྐུལ་བྱས་དོན། ཐོག་མར་རྐང་མཐིལ་གནོན་པང་སྦྱོང་བརྡར་བྱེད་སྐབས། རྐང་མཐིལ་ཅུང་ན་སྲིད་པས། སྐབས་དེར་བཙན་ཤེད་ཀྱིས་དུས་ཡུན་རིང་པོ་ཞིག་སྦྱོར་བརྡར་བྱེད་མི་རུང་བར། རིམ་བཞིན་སྦྱོང་བརྡར་བྱེད་པའི་དུས་ཚོད་ཇེ་མང་དུ་གཏོང་དགོས། འགྲོ་སྐབས་རྐང་མཐིལ་གནོན་པང་སྟེང་དུ་རིག་པ་བསྒྲིམས་རྗེས། ཤེད་ཤུགས་བཀྲམས་ནས་ཚིགས་འཆུས་དང་རྡབ་ཆག་མི་འབྱུང་བར་བྱེད་དགོས་ཞེས་བཤད་པ་དང་། ཧོང་ཀོང་མིན་གྱིས། རྐང་མཛུབ་བཙུགས་ནས་བསྡད་ན་ལུས་ཟུངས་གྲོན་ཆུང་ཐུབ་ལ། གསང་མིག་ལ་འཕུར་མཉེད་ཡོང་བའི་ཕན་འབྲས་ཀྱང་ཐོན་ཐུབ་ཟེར།།