འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་26ཉིན།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས།

༄༅།།མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་26ཉིན། 09:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་སྟངས་འཛིན་ནན་པོ་བྱས་ཏེ་རྣམ་པ་དང་གཞི་རྟེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།

     ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཏང་ཙུའུ་ཡིས་ལོ་ཧྲིལ་པོར“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”གི་ཞིབ་ཕྲའི་བླང་བྱར་དམ་པོར་དམིགས་ནས། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཇུས་གཞི་བཟོ་བ་དང་ཇུས་འགོད་ཧུར་ཐག་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཡོད། 2025ལོར་ལས་ཁུངས་ཏང་ཙུའུ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་4འཚོགས་ནས་རིགས་པའི་གཞུང་ལུགས་ཀྱི་འབྲེལ་ཡོད་སློབ་སྦྱོང་ཐེངས་35བྱས་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མིག་མཐོང་ལག་ཟིན་ཐུབ་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་བྱ་ཆེད། ནག་ཆུ་མི་དམངས་འཐུས་ཚོགས་ཀྱི་སྐད་འཕྲིན་སྤྱི་རྟགས་གཡུལ་ས་གཙོ་བོར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་དང་འབྲེལ་ཡོད་བྱེད་སྒོའི་ནང་དོན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། “སྨྱུག་རྩལ་ལ་བརྟེན་ནས་བརྩེ་སེམས་མཚོན། མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཡིག་གཟུགས་འགྲན་བསྡུར་བྱས་པ་དང་སྡེ་ཁུལ་དུ“ཏང་འཛུགས་སྐྱོང་གིས་མི་རིགས་མཐུན་སྒྲིལ་ལ་སྣེ་ཁྲིད་དེ་ནག་ཆུའི་ཞི་མཐུན་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ། “སྤེལ་རེས་གསུམ”གྱི་ལས་སྟེགས་ཧུར་ཐག་བསྐྲུན་ནས་ཀྲེ་ཅང་སོགས་ས་ཁུལ་དང་ནག་ཆུའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་བ། ལས་ཁུངས་ཀྱི་ལས་བྱེད་པ་དང་གཞི་རིམ་གྱི་ལས་བྱེད་པ་དང་དེ་བཞིན་གྲོང་ཁྱེར་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་སློབ་སྦྱོང་རྟོག་ཞིབ་བྱེད་སྒོ་སྤེལ་བ། ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་གློག་བརྙན་བལྟས་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ཟབ་ཏུ་བཏང་ཡོད།

     ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་ལི་ཅང་ཧུང་གིས་བྱེད་སྒོ་ཁག་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་ལ་བསྒྱུར་པས། མི་རིགས་ཁག་གི་ལས་བྱེད་པ་སེ་འབྲུའི་རྡོག་ལྟར་དམ་པོར་སྦྲེལ་བར་སྐུལ་མ་ཐེབས་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་ཅེས་བཤད།