གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་26ཉིན། 09:54】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། 2025ལོའི་ཀྲེ་ཅང་གི་ཞིང་ལས་འགྲེམས་ཚོགས་ཧང་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། ད་ཐེངས་འགྲེམས་ཚོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡིན་པའི་ངོས་ནས། མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱང་དུས་གཅིག་ཏུ་འགྲེམས་སྟོན་བྱས་ཤིང་། ཀྲེ་ཅང་ཞིང་ཆེན་མཚོ་སྐྱོར་བཀོད་འདོམས་པུའུ་ཡིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཞིང་འབྲོག་ཅུས་དང་མཉམ་དུ་ཞིབ་ཚགས་པོས་བཏོད་པའི་མཚོ་སྔོན་མཚོ་ནུབ་ཀྲོའུ་ཁྱད་ལྡན་འགྲེམས་ཁང་ཡང་དེ་ཉིན་སྒོ་ཕྱེ་ནས“ངོ་མཚར་ཆེ་བའི་ཚྭ་འདམ”སྤུས་རྟགས་ཀྱི་མཐོང་ཚོར་མ་ལག་ལྟེ་བར་བྱས་པ་དང་། “མཁའ་གཙང་དང་། ཆུ་གཙང་། ས་གཙང”བཅས་ཀྱི་བརྗོད་དོན་གཙོ་བའི་ཇུས་འགོད་བརྒྱུད། མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆ་གསོལ་ཉམས་དོད་པོས་མངོན་པར་བྱས་ཡོད། འགྲེམས་ཁང་དུ“ངོ་མཚར་ཆེ་བའི་ཚྭ་འདམ”གྱི་ཁེ་ལས་ལེགས་གྲས་15དང་། འདྲེ་ཚེར་མ་དང་། ལི་གྲོ། ཚགས་ཤ་དང་ལུག་ཤ་སོགས་ཁྱད་ལྡན་ཐོན་རྫས་ཁག་200ལྷག་ཙམ་གཅིག་ཏུ་འདུས་ཡོད་པས། མཚོ་སྔོན་གྱི་ཐོན་རྫས་ལེགས་གྲས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་ཚོའི་རེ་སྒུག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
ད་ཐེངས་ཀྱི་ཆེད་སྟོན་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཀྲེ་ཅང་ཞིང་ཆེན་མཚོ་སྐྱོར་བཀོད་འདོམས་པུའུ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་ནུབ་ཀྲོའུ་ཞིང་འབྲོག་ཅུས་དང་མཚོ་ནུབ་ཀྲོའུ་ཚོང་དོན་ཅུས་ཀྱིས་གཉེར་འགན་འཁུར་ཅིང་། འོས་སྦྱོར་ཐོན་རྫས་ནང་ཉ་སན་ཝུན་དང་། ཚགས་ཤ ལྕེ་མྱང་ཚྭ། སེར་ཤ འདྲེ་ཚེར་མ། གླ་ཚེར། ལི་གྲོ། ནས་ཀྱི་ཐོན་རྫས་སོགས་མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཡོད་པ་དང་། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”ནང་མཱ་ཀྲུང་ཟ་ཁང་དང་མཚོ་སྔོན་ཡོན་ཡེ་བཟའ་བཅའ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱི་འཐུས་མི་ཡོད་པ་རེད།