འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་26ཉིན།

༄༅།།མཚོ་སྔོན་པོའི་དཔེ་སྟོན་ཁུལ་བཏོད་པ་ལས་ཞིང་འབྲོག་མང་ཚོགས་ཁྲི་2ལྷག་ཙམ་ལ་ཕན་པ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་26ཉིན། 14:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་གསར་འགོད་པས“‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་ཀྱི་གྲུབ་འབྲས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།“ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྣ་མང་བརྗེ་རེས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་པ། སྐྱེ་ཁམས་ཡུལ་སྐོར་དང་རང་བྱུང་སློབ་གསོའི་འཆར་འགོད་བཟོ་བ་དང་མང་ཚོགས་ཀྱི་ལས་ཞུགས་དང་སྐྱེ་ཁམས་ཁ་གསབ་ལམ་སྲོལ་ལ་སྐུལ་འདེད་བཏང་བ་བཅས་བརྒྱུད། “སྐྱེ་ཁམས་དམངས་ཕན་དང་མཉམ་སྐྲུན་མཉམ་སྤྱོད”ཀྱི་ཐབས་ལམ་འཚོལ་ཞིབ་ལེགས་གྲུབ་བྱུང་སྟེ། ཞིང་འབྲོག་པ་དུད་ཚང་6400ལྷག་ཙམ་དང་མི་ཁྲི་2ལྷག་ཙམ་ལ་སྐྱེ་ཁམས་ཀྱི་ཕན་པ་ཐོབ་ཡོད་པ་རེད།