འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་27ཉིན།

༄༅།།མཚོ་སྔོན་གྱིས་2025ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་27ཉིན། 13:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ད་ལོའི་ཟླ་12ཚེས་4ནི“རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”ཐེངས་བཅུ་གཉིས་པ་དེ་རེད། རང་རྒྱལ་གྱི་ད་སྤྱོད་རྩ་ཁྲིམས་ཡོངས་བསྒྲགས་ལག་བསྟར་བྱས་ནས་ལོ་ངོ་43འཁོར་བ་དང་ཏག་ཏག་འཁེལ་ཡོད། ཟླ་11ཚེས་19ཉིན་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཕྱོགས་ཡོངས་ནས་ཁྲིམས་བཞིན་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་མཉམ་དུ་པར་འགྲེམས་བྱས་ནས་བཏང་བའི་བརྡ་ཐོར་ཞིང་ཆེན་ཡོངས་ཀྱི་2025ལོའི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི“རྩ་ཁྲིམས་དྲིལ་བསྒྲཌ་གཟའ་འཁོར”གྱི་བྱེད་སྒོའི་ནང་དོན་གཙོ་བོའི་གྲས་སུ་ཞིང་ཆེན་ཡོངས་ཀྱི“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དང་། གྲོང་ཁྱེར(ཀྲོའུ)གྱི་འབྲེལ་ཡོད་འགོ་འཛུགས་བྱེད་སྒོ འབྲེལ་ཡོད་ཚན་པས་སྒྲིག་འཛུཌ་བྱས་པའི་རྩ་ཁྲིམས་གཅིག་སྡུད་དམ་འཇོག་བྱེད་སྒོ ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གིས་སྤེལ་བའི་སྤྱི་དམངས་ཀྱི་སྒོ་དབྱེའི་ཉིན་མོ་དང་། ཁྲིམས་རར་འདྲི་གཅོད་ཟུར་ཉན། དཔེ་མཚོན་གྱོད་དཔེ་ཁྱབ་བསྒྲགས་བཅས་ཀྱི་བྱེད་སྒོ ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་སྤེལ་བའི་རྒྱལ་དར་སྒྲེང་བ་དང་ཁྲིམས་ལུགས་སྦྱོང་བའི་བྱེད་སྒོ ཞིང་ཆེན་སྤྱི་ཚོགས་ལས་དོན་པུས་སྤེལ་བའི“རྩ་ཁྲིམས‘གསར་གསུམ’གཤམ་སྤེལ། ཁྲིམས་སྐྱོང་ང་དང་མཉམ་དུ་འགྲོགས”ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ ཞིང་ཆེན་སློབ་གསོ་ཐིང་གིས་སྤེལ་བའི“རྩ་ཁྲིམས་ཞོགས་སྦྱོང” “རྩ་ཁྲིམས་ལ་གུས་བཀུར་བྱེད”སོགས་བྱེད་སྒོ་དང་དེ་བཞིན་ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་སྐྱོང་གཞུང་ལས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་སྤེལ་བའི“ས་མཐོ་ཁྲིམས་བཞིན་སྲུང་སྐྱོང་བྱེད། བརྩེ་བ་གཙང་གསུམ་ཡུལ་ལ་འཆང”དང“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་དཔེ་མཚོན་གྱོད་དཔེ་ལག་ལེན་དྲིལ་བསྒྲཌ་བྱེད་སྒོ 《ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས》ཀྱི་སྤྱི་ཕན་བཅའ་ཁྲིམས་ཁྱབ་གདལ་དང་བཅའ་ཁྲིམས་སློབ་སྦྱོང་། རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་དྲ་རྒྱའི་བཅའ་ཁྲིམས་སློབ་སྦྱོང་དང་བཀོལ་སྤྱོད་ཚད་ལེན་སོགས་ཞིབ་ཕྲའི་ནང་དོན་ཁག་16ཚུད་ཡོད།