འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་27ཉིན།

༄༅།།ཀྲུང་གོའི(ཀྲེ་ཅང)རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་ཚོང་འདུས་སྐབས་དང་པོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་27ཉིན། 13:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་11ཚེས་25ཉིན། ཀྲུང་གོའི(ཀྲེ་ཅང)རྒྱལ་སྒྲོལ་དྲ་ཚོང་གི་ཕྱིར་གཏོང་ནང་འདྲེན་ཚོང་འདུས་སྐབས་དང་པོ་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་དང་། སྐབས་འདིའི་འགྲེམས་ཚོགས་ཀྱིས“ཀྲེ་ཅང་རྒྱལ་སྒྲོལ། གོ་ལ་ཧྲིལ་པོའི་ཚོང་ཟོག་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགྲེམས་ཚོགས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་5ཟིན་པ་དང་། རྒྱལ་སྤྱིའི་ཚད་གཞིའི་འགྲེམས་གནས་2000བཙུགས་ནས་ཕྱི་རྒྱལ་གྱི་བཟོ་གྲྭའི་འགྲེམས་ཁུལ་དང་སྤུས་ལེགས་ཐོན་ལས་དར་ཁུལ་དང་མཁོ་སྤྲོད་འཁོར་འབྲེལ་འགྲེམས་ཁུལ་བཀོད་སྒྲིག་བྱས་པར་རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་གྱི་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆེ་བའི་དྲ་ཚོང་ལས་སྟེགས་དང་། ཞབས་ཞུའི་ཚོང་པ། ཐོན་ལས་དར་ཁུལ་གྱི་འབྱུང་ཁུངས་བཟོ་གྲྭ་བཅས་1000ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད། འདི་ནི་ཚོང་འདུས་ཐོག་ཕྱི་རྒྱལ་གྱི་ཚོང་པས་རྒྱན་ཆ་སྣ་ཚོགས་ལ་རྒྱུས་ལོན་བྱེད་བཞིན་པ།