གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་27ཉིན། 13:48】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ནོར་སྲིད་པུས་སྒོར་དུང་ཕྱུར་1062སྔ་སྣུར་དུ་སྤྲོད་པ།
2026ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུའི་ཁ་གསབ་མ་དངུལ་ནང་ནས།
བོད་ལྗོངས་ལ་སྒོར་ཁྲི་555138སྤྲད་པ།
རྩོམ་སྒྲིག་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུའི་དྲ་ཚིགས་ལས་
ཤེས་རྟོགས་བྱུང་བ་ལྟར་ན།
2026ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུའི་ཁ་གསབ་མ་དངུལ་སྤྲོད་རྒྱུའི་བཀའ་སྔ་ས་ནས་བཏང་བ།
བགོ་བཤའི་རེའུ་མིག་ལས་གསལ་བར།
བོད་ལྗོངས་ལ་ཁ་གསབ་མ་དངུལ་སྒོར་ཁྲི་555138བགོ་བཤའ་བརྒྱབ།
