འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་27ཉིན།

༄༅།།ཐེ་རོན་ཕུའུ་ཡིས་“གཟུར་བཤོལ་བྱས་ཡོད།”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་27ཉིན། 13:53】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ལུའུ་ཐུའུ་གསར་འགྱུར་ཁང་གིས་ཟླ་11ཚེས་25ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་ཡིས་ཡུག་རེན་ལ་ཟླ་འདིའི་ཚེས་27ཉིན་གྱི་མཐའ་མའི་དུས་བཀག་གོང་ཨ་རིའི་ཞི་བདེའི་འཆར་གཞི་དང་ལེན་བྱེད་དགོས་ཟེར་བར་གཟུར་བཤོལ་བྱས་ཏེ། “ངའི་ངོས་ནས་བརྗོད་ན། གནད་དོན་ཐག་གཅོད་བྱེད་པའི་དུས་ནི་མཐའ་མའི་དུས་བཀག་ཡིན་”ཞེས་བཤད་པ་རེད།

     གནས་འཕྲིན་སྤེལ་བར་གཞིགས་ན། ཐེ་རོན་ཕུའུ་ཡིས་ཨ་རིའི་གྲོས་མོལ་འཐུས་མིས་ཨུ་རུ་སུ་དང་ཡུག་རེན་གྱི་གྲོས་མོལ་ཐད་གྲུབ་འབྲས་བྱུང་ཡོད་པ་དང་། མོ་སི་ཁོ་ཕྱོགས་ཀྱིས་མཐུན་འགྲིག་ཁག་གཅིག་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད།

     ཐེ་རོན་ཕུའུ་ཡིས་ཁོང་གི་དམིགས་བསལ་ཕོ་ཉ་ཧྲི་ཏི་ཝུན·ཝུའེ་ཐེ་ཁོ་ཕུའུ་ཡིས་མོ་སི་ཁོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཐུག་འཕྲད་བྱ་རྒྱུ་དང་ཁོང་གི་མག་པ་ཅ་ལི་ཏེ·ཁུའུ་ཧྲི་ན་ཡང་ད་ཐེངས་ཀྱི་ཐུག་འཕྲད་ནང་ཞུགས་རྒྱུ་རེད་ཅེས་བཤད་པ་རེད།