འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་27ཉིན།

༄༅།།ཧིན་རྡུ་ཉི་ཞི་ཡའི་ས་ཆ་མང་པོར་ཆུ་ལོག་བྱུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་27ཉིན། 13:54】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ལམ་ཧིན་རྡུ་ཉི་ཞི་ཡའི་སུའུ་མོན་ཏ་ལ་ཞིང་ཆེན་བྱང་མའི་ས་ཆ་མང་པོ་ཞིག་ཏུ་ཆར་ཆུ་ཆེན་པོ་བབས་པ་དང་། དེ་ལས་ཆུ་ལོག་དང་རི་ཉིལ་ཐོན་ནས་མི་20ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་གར་སོང་ཆ་མེད་དུ་གྱུར།

     དེ་གོང་གནས་འཕྲིན་སྤེལ་བར་གཞིགས་ན། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་གནོད་འགོག་ཧྲུའུ་ཡི་བརྡ་ཁྱབ་ནང་ཉེ་ཆར་སུའུ་མོན་ཏ་ལ་ཞིང་ཆེན་བྱང་མའི་ཧྲི་ཝུའུ་ཡ་དང་། ཐ་ཕ་ནུའུ་ལི་བྱང་མ། ཐ་ཕ་ནུའུ་ལི་དཀྱིལ་མ། དེ་བཞིན་ཐ་ཕ་ནུའུ་ལི་ལྷོ་མ་སོགས་ས་ཁུལ་དུ་གནམ་གཤིས་ཐལ་དྲགས་འཕྲད་ནས་ཆུ་ལོག་དང་རི་ཉིལ་ཐོན་ཡོད་པ་རེད། གནོད་འཚེའི་དབང་གིས་མི་སྣ་ཤི་རྨས་བཟོས་པ་མ་ཟད། ས་གནས་དེ་གའི་གྲོང་མིའི་འཚོ་བ་དང་འཚོ་ཇུས་ལ་ཡང་འགོག་རྐྱེན་བཟོས་པ་རེད།

     ཧིན་རྡུ་ཉི་ཞི་ཡའི་གནམ་གཤིས་དང་སའི་གོ་ལའི་དངོས་ལུགས་ཅུས་ཀྱིས་ཐེངས་འདིའི་གནམ་གཤིས་ཐལ་དྲགས་ལ་ས་ཁོངས་རང་བཞིན་གྱི་ཚ་ཁུལ་མ་ལག་གི་ཤུགས་རྐྱེན་ཐེབས་པས་སུའུ་མོན་ཏ་ལ་བྱང་མའི་ས་ཁུལ་དུ་ཆར་ཆུ་དྲག་པོ་དང་རླུང་ཆེན་པོ་ཐོན་ཡོད། སྒྲིག་གཞི་དེས་འབྲེལ་ཡོད་ཉེན་ཟོན་ཉེན་བརྡ་ཁྱབ་བསྒྲགས་བྱས་ནས་ས་གནས་སྲིད་གཞུང་དང་སྤྱི་དམངས་ལ་འབྱུང་འགྱུར་ཉིན་འགའི་ནང་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།