གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་27ཉིན། 14:28】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན། ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བདུན་པ་པེ་ཅིང་དུ་གཉེར་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་མཉམ་ལས་འགོ་འཛུགས་སྔ་བ་དང་རྨང་གཞི་ཡག་པོ་ཡོད་ཅིང་། དེ་ནི་ཕྱོགས་གཉིས་པོའི་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ནུས་རྒྱུ་མཉམ་ལས་རོགས་ཟླའི་ཕྱོགས་ཡོངས་ཀྱི་འབྲེལ་བ་མུ་མཐུད་བརྟན་དུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་བརྟན་པོ་ཐུབ་པར་མཉམ་དུ་སྲུང་སྐྱོང་བྱེད་པ། དེ་བས་དྲང་གཞག་དྲང་བདེན་དང་དོ་སྙོམས་ཀུན་ཕན་གྱི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བཅོས་སྐྱོང་མ་ལག་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་ནུས་རྒྱུའི་བདེ་འཇགས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད།
དེ་ཉིན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གིས་ཀྱང་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བདུན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།