གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་27ཉིན། 14:40】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་24ཉིན་གྱི་སྔ་དྲོར། དབང་སྐྱོན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་དང་དང་བླངས་ཞབས་ཞུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཀོང་ཀྲོའུ་གསར་འགྱུར་ལྟེ་གནས་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པ་རེད། ཚོགས་འདུར་ངོ་སྤྲོད་བྱས་པར་གཞིགས་ན། དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་དཔལ་འབར་བརྒྱུད་སྤྲོད་ཟླ་11ཚེས་29ཉིན་གྱི་སྔ་དྲོར་ཤང་ཀང་དང་། ཨའོ་མོན། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར་བཞིར་དུས་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། སྐབས་འདིའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་དང་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ལ་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི“མེ་གཉིས་མཉམ་བསྲེས”ཀྱི་མེ་སོན་མཉམ་སྤྱོད་བྱེད་སྟངས་སྤྱད་དེ། “དབང་སྐྱོན་དང་བདེ་ཐང་ཅན་མཉམ་གནས། མཚོ་ཁུག་ཁུལ་གཅིག་སེམས་གཅིག་མཐུན”གྱི་དྲོ་སྐྱིད་ལྡན་པའི་བརྗོད་གཞི་གསོན་ཉམས་དོད་པོས་མངོན་པར་བྱ་རྒྱུ་རེད།