འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་28ཉིན།

ད་ལོའི་ཟླ་བཅུ་པར།

༄༅།།དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་སྤྱིའི་མཁའ་ལམ་དུ་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་20%ལྷག་ཙམ་འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་28ཉིན། 14:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བཅུ་པར། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་ནང་མཁའ་ལམ་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་6084.5ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བ་དང་། རྒྱལ་སྤྱིའི་མཁའ་ལམ་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་699.0ཟིན་པ་དེ་དུས་མཚུངས་ལས་20.4%འཕར་ཡོད། དངོས་ཟོག་སྐྱེལ་འདྲེན་ཐད། རྒྱལ་ནང་གི་མཁའ་ལམ་དུ་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་51.8ཟིན་པ་དེ་དུས་མཚུངས་ལས་8.1%འཕར་བ་དང་། རྒྱལ་སྤྱིའི་མཁའ་ལམ་དུ་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་39.9ཟིན་པ་དེ་དུས་མཚུངས་ལས་21.0%འཕར་ཡོད་པ་རེད།

     ཟླ་བཅུ་པར། རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་འཕར་ཚུལ་ཡག་པོ་ཡོད་ཅིང་། སྐྱེལ་འདྲེན་འཁོར་རྒྱུག་བྱེད་འབོར་སྤྱི་ལེ་ཏུན་དུང་ཕྱུར་146.0ལེགས་གྲུབ་བྱུང་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་6783.5ཟིན་པ། སྦྲག་ཐོག་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་91.7ཟིན་པ་དེ་དུས་མཚུངས་ལས་10.8%དང་། 5.8% 13.4%བཅས་སོ་སོར་འཕར་ཡོད་པ་རེད།