འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་28ཉིན།

ད་ལོའི་ཟླ་བཅུ་པའི་ཟླ་མཇུག་བར།

༄༅།།རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་དུས་མཚུངས་ལས་17.3%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་28ཉིན། 14:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བཅུ་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་37.5ཟིན་པ་དེ་དུས་མཚུངས་ལས་17.3%འཕར་ཡོད། དེའི་ནང་ཉི་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་11.4ཟིན་པ་དེ་དུས་མཚུངས་ལས་43.8%འཕར་བ་དང་། རླུང་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་5.9ཟིན་པ་དེ་དུས་མཚུངས་ལས་21.4%འཕར་ཡོད།

     ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཁྲི་39784མང་དུ་ཕྱིན་ཡོད། དེའི་ནང་ཆུ་གློག་ཆན་ཝ་ཁྲི་835ཟིན་པ་དང་། མེ་གློག་ཆན་ཝ་ཁྲི་6508ཟིན་པ། ཉིང་གློག་ཆན་ཝ་ཁྲི་153ཟིན་པ། རླུང་གློག་ཆན་ཝ་ཁྲི་7001ཟིན་པ། ཉི་གློག་ཆན་ཝ་ཁྲི་25287ཟིན་པ་བཅས་རེད།

     གློག་ཤུགས་མ་འཇོག་ཐད། ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་གློག་དྲའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་4824བཏང་བ་དེ་དུས་མཚུངས་ལས་7.2%འཕར་ཡོད།