གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་28ཉིན། 14:56】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། 《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།》དང་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི།》 《<རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞིའི་>སྐོར་གྱི་གསལ་བཤད་》ཀྱི་དབྱིན་ཡིག་དང་། ཧྥ་རན་སིའི་ཡི་གེ། སི་ཕེན་གྱི་ཡི་གེ། ལྗར་པན་ཡི་གེ། ཨུ་རུ་སུའི་ཡི་གེ། འཇར་མན་ཡི་གེ། ཨ་རབ་ཡི་གེ། ཕོར་ཐིའུ་ཀལ་ཡི་གེ། ཝེ་ཐེ་ནམ་གྱི་ཡི་གེ།
ལོ་སིའི་ཡི་གེ་སོགས་ཕྱི་ཡིག་གི་པར་གཞི་10ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་དང་ཕྱི་སྐད་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་དེ་རིང་ནས་བཟུང་རྒྱལ་ཁབ་ཕྱི་ནང་དུ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
དེ་དང་ཆབས་ཅིག་སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ། ཧ་སག་ཡི་གེ། ཁྲའོ་ཞན་ཡི་གེ། དབྱི་ཡིག ཀྲོང་ཡིག་སོགས་མི་རིགས་ཡི་གེའི་པར་གཞི་ཁག་བདུན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།