གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་28ཉིན། 15:03】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་27ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་བརྡ་ཁྱབ་ནང་བརྗོད་དོན། ཕོ་ལན་གྱིས་ཀེ་ཏན་སི་ཁེ་རུ་བཅའ་སྡོད་ཨུ་རུ་སུའི་སྤྱི་ཁྱབ་གཞུང་ཚབ་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་ལ་ལན་འདེབས་ཆེད། ཨུ་རུ་སུ་ཕྱོགས་ཀྱིས་2025ལོའི་ཟླ་12ཚེས་30ཉིན་ནས་བཟུང་དབྱི་ཨེར་ཁུའུ་སི་ཁེ་རུ་བཅའ་སྡོད་ཕོ་ལན་གྱི་སྤྱི་ཁྱབ་གཞུང་ཚབ་ཁང་སྒོ་རྒྱག་རྒྱུའི་ཐག་བཅད་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་པུས་ཉིན་དེར་ཨུ་རུ་སུར་བཅའ་སྡོད་ཕོ་ལན་གྱི་གཞུང་ཚབ་ཆེ་མོ་བ་དང་ཐུག་འཕྲད་བྱས་ཡོད་ཅེས་བཤད་པ་རེད།
ཕོ་ལན་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་བརྒྱབ་མེད།
ཕོ་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཏུའོ་སི་ཝ་ཧྥུའུ་·ཞི་ཁོར་སི་ཅི་ཡིས་ཀེ་ཏན་སི་ཁེ་རུ་བཅའ་སྡོད་ཨུ་རུ་སུའི་སྤྱི་ཁྱབ་གཞུང་ལས་ཁང་སྒོ་རྒྱག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དེ་ནི་ཕོ་ལན་དུ་ཡོད་པའི་ཨུ་རུ་སུའི་གཞུང་ལས་ཁང་མཐའ་མ་དེ་ཡིན་པ་རེད།