འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་28ཉིན།

༄༅།།ཞང་ཀང་མེ་གསོད་ཁྲུའུ་ལྟར་ན་མེ་གསོད་གོ་རིམ་ཡོངས་སུ་ཚར་ཡོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་28ཉིན། 15:05】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚེས་26ཉིན་གྱི་ཕྱི་དྲོར། ཞང་ཀང་ཧུང་ཕུའུ་ཡོན་གཞིས་ཁུལ་གྱི་སྡོད་ཁང་མང་པོར་མེ་སྐྱོན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་། ཚེས་28ཉིན་ཐོ་རེངས་ཞང་ཀང་མེ་གསོད་ཁྲུའུ་ཡིས་རོགས་སྐྱོབ་ལས་དོན་གྱི་གསར་འགྱུར་གསར་ཤོས་ཁྱབ་བསྒྲགས་བྱས་ནས། ཉིན་དེའི་ཐོ་རེངས་སུ་མེ་གསོད་པའི་གོ་རིམ་ལེགས་གྲུབ་ཟིན་པ་དང་། རྗེས་མཐུད་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་བྱ་རྒྱུ་དང་། ཁང་པ་ཚང་མར་འཚོལ་བཤེར་བྱས་ནས་ནང་དུ་མི་སྣ་ལུས་མེད་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

     ཞང་ཀང་མེ་གསོད་ཁྲུའུ་ཡི་ལས་རོགས་མྱུར་སྐྱོབ་སྤྱི་ཁྱབ་འགོ་འཛིན་གྱིས་རོགས་སྐྱོབ་བྱ་སྤྱོད་ནང་མྱུར་སྐྱོབ་རླངས་འཁོར་ཁྱོན་བསྡོམས་117བཀོད་སྒྲིག་བྱས་པ་དང་། ཉིན་དེའི་ཆུ་ཚོད་24བར་མི་83རྐྱེན་ལམ་དུ་ཤོར་བ་དང་རྨས་མ་76སྨན་ཁང་དུ་སྐྱེལ་ནས་སྨན་བཅོས་བྱས་ཡོད་ཅེས་བཤད་པ་རེད།