འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་28ཉིན།

༄༅།།སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་ཁོར་ཡུག་དེ་བས་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་28ཉིན། 08:57】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

“རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་སྐྲུན་པའི་ནང་མཉམ་འདྲེས་ཧུར་ཐག་བྱས་ནས། ས་གནས་ཀྱི་སྲུང་སྐྱོབ་དང་། ཁྲོམ་ར་ལོགས་དབྱེ། ‘ནང་རྨུག་རྣམ་པའི’འགྲན་རྩོད་བཅས་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ལ་བརྟན་པོ་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁོར་ཡུག་གཏོད་དགོས”

—— 2025ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་འདི་ལྟར་གནང་ཡོད།

“ཐོན་སྐྱེད་སྒྲུབ་རིམ་གསར་པ་འདི་གཅིག་པུར་བརྟེན་ནའང་། ད་ལོའི་ཐེ་དཀར་ཕྱེ་མའི་ཐོན་འབབ་སྔོན་རྩིས་བྱས་ན་ཏུན་ཁྲི་5འཕར་རྒྱུ་རེད” ཟླ་7པའི་ཟླ་སྟོད་དུ། ཀུའེ་ཀྲོའུ་ཞིང་ཆེན་ཆན་ནན་ལག་རྩལ་མཐོ་གསར་ཐོན་ལས་གསར་སྤེལ་ཁུལ་ནས་ཐེ་དཀར་ཕྱེ་མའི་རྣམ་གྲངས་ཀྱི་དུས་ཐེངས་གསུམ་པའི་ཚོད་ལྟའི་ཐོན་སྐྱེད་བཟོ་རྩལ་ལེགས་སུ་གཏོང་བའི་དུས་མཚམས་སུ་སླེབས་པ་མཐོང་སྐབས། ཀུའེ་ཀྲོའུ་ཧྲེང་ཝུའེ་ཧྥུའུ་ཆོན་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་སིའི་ལག་རྩལ་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ལི་ཧའེ་ཡན་གྱི་སེམས་པ་རེ་ཞིག་དགའ་སྤྲོས་མྱོས་ཏེ“རྣམ་གྲངས་འཛུགས་སྐྲུན་དང་སྒྲིག་ཆས་སྙོམས་སྒྲིག་བྱེད་པ་ནས་ཚོད་ལྟའི་དུས་མཚམས་བར། སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། ཁེ་ལས་ཀྱི་ཡུལ་གཞན་གྱི་འོས་ཐོབ་གཏན་འཁེལ་སོགས་ཀྱི་དཀའ་གནད་ལ་དམིགས་ནས། ས་གནས་དེ་གས་ཁུལ་ཁོངས་སྒྲོལ་བའི་རོགས་གཉེར་ལམ་སྲོལ་བཙུགས་ཏེ། ཆུ་ཚོད་གཉིས་ནང་འགྲོ་ལུགས་གཙོ་བོ་གཉེར་ཐུབ་པ་བྱས་བྱུང”ཞེས་བརྗོད།

ཀུའེ་དབྱང་ཀུའེ་ཨན་དུ་གནས་པའི་རྒྱལ་ཁབ་གྲངས་གཞི་ཆེ་མོའི(ཀུའེ་ཀྲོའུ)ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ལྟེ་བའི་ཁུལ་གྱིས་ས་གནས་ཁག་གི་གྲངས་གཞི་འབོར་ཆེན་གཅིག་སྡུད་དང་བརྒྱུད་བཤུག་བྱས་ཡོད། “ལྷོ་ནུབ་རི་ཁུལ་དུ་གཞི་ཚུགས་ཏེ། ས་གནས་ཁག་གི་བཟོ་ལས་ཅན་གསར་པ་སོགས་ཀྱི་རྩིས་ནུས་དགོས་མཁོ་བསྐངས་ནས། རྒྱལ་ཁབ་ཀྱི‘ཤར་གྲངས་ནུབ་རྩིས’འདུ་འགོད་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་གི་ཡིན”ཞེས་ཀུའེ་དབྱང་གྲོང་ཁྱེར་གྲངས་གཞི་ཆེ་མོའི་འཕེལ་རྒྱས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཞུའེ་རུང་གིས་བརྗོད།

2025ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། “རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་སྐྲུན་པའི་ནང་མཉམ་འདྲེས་ཧུར་ཐག་བྱས་ནས། ས་གནས་ཀྱི་སྲུང་སྐྱོབ་དང་། ཁྲོམ་ར་ལོགས་དབྱེ། ‘ནང་རྨུག་རྣམ་པའི’འགྲན་རྩོད་བཅས་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ལ་བརྟན་པོ་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁོར་ཡུག་གཏོད་དགོས”ཞེས་ནན་བཤད་གནང་ཡོད།

རེ་བས་ཕྱུག་པའི་ས་གཞི་དེར་ཕྱོགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་ཐུགས་ལ་བཅངས་ཡོད། མི་འབོར་དུང་ཕྱུར་14ལྷག་ཙམ་ནང་གཉེར་སྐྱོང་བྱེད་པོ་ཐེམ་དུད་དུང་ཕྱུར་2ཙམ་ཡོད་པ་སོགས། གཞི་ཁྱོན་ཧ་ཅང་ཆེ་བ་གང་ཞིག་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པའི་ཁྲོམ་ར་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལེགས་ཆ་ཧ་ཅང་ཆེན་པོ་ཞིག་དང་དུས་བབ་ལ་ཁ་གཏད་གཅོག་པའི་རྟེན་གཞི་བརྟན་པོ་ཞིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། “རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་སྐྲུན་པར་སྐུལ་འདེད་ཡག་པོ་ཇི་ལྟར་གཏོང་ལུགས” ཐད་ཆེད་མངགས་ཇུས་འགོད་བྱས་ཡོད།

རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་ཇི་ལྟར་སྐྲུན་དགོས་སམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག”གི་གཞི་རྩའི་བླང་བྱ་བཏོན་གནང་ཡོད་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས“བྱ་གཞག་སྒྲུབ་རྒྱུ”གཙོ་བོར་བཞག་ཡོད།

ཁྲོམ་རའི་གཞི་རྩའི་ལམ་ལུགས་དང་སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཉིས་དེ་བས་གཅིག་གྱུར་བྱས་པས། དྲང་གཞག་འགྲན་རྩོད་ལ་འགན་ལེན་གང་ལེགས་བྱུང་བ།

རྩེ་རིམ་ཇུས་འགོད་ནས་བལྟས་ན། ན་ནིང་ཁྱབ་བསྒྲགས་བྱས་པའི《ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ(2025ལོའི་པར་གཞི)》ཡི་ནང་། གསལ་ཐོའི་དོན་ཚན་2018ལོའི་པར་གཞི་ཐོག་མའི་རྣམ་གྲངས་ཁག་151ནས་ཁག་106བར་ཁུ་བསྡུ་བྱས་ཏེ། བཀག་རྒྱ་ཉུང་དུ་བཏང་ནས་གཉེར་སྐྱོང་བྱེད་པོ་དེ་བས་མང་བ་ཞུགས་ཐུབ་པར་བྱས་ཡོད། ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཁྲོད“རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་སྐྲུན་པའི་སྲོལ་ཡིག”གི་ནང་དོན་བཅུག་ཡོད་པས། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་དེ་བས་ལེགས་སུ་འགྲོ་ངེས་རེད།

ས་གནས་ཀྱི་དོན་འཁྱོལ་ལ་ལྟ་སྐབས། ཧྲན་ཏུང་གིས“ཁྲོམ་རའི་བཀག་རྒྱ་མེད་པར་བཟོ་བ”དེ་ས་ཁུལ་དང་གྲོང་ཁྱེར་གྱི་དཔྱད་ཞིབ་ནང་བཅུག་པ་དང་། ཅང་ཤིས་ཀྱིས་དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་པ་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔྱད་ཞིབ་དམིགས་ཚད་ནང་བཅུག་པ་སོགས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་རིང་། ས་གནས་མང་པོས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པར”བརྟེན་ནས་ཁྲོམ་རའི་བཀག་རྒྱ་བསལ་ཡོད་པ་རེད།

ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་ཁག་ཚད་གཞི་མཐོ་པོས་སྦྲེལ་མཐུད་བྱས་ནས། གྲུབ་ཆ་གཙོ་བོ་འཁོར་སྐྱོད་དང་གསོན་ཤུགས་རྒྱས་པར་བྱས་པ།

ཟོག་སྐྱེལ་ལམ་བུ་ཤར་གཏོང་ཐུབ་པ་ལས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱུང་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྕགས་ལམ་དང་ཆུ་ཐོག་ནས་གྲུ་ཁའི་དོས་སྒམ་མཉམ་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས་15%ཙམ་འཕར་ཡོད། འབྲི་ཆུའི་ཟུར་གསུམ་ཁུལ་སོགས“ཆ་རྐྱེན་འཛོམས་པའི་ས་ཁུལ”གྱིས“ཚོད་ལྟའི་ཁུལ”གྱི་ནུས་པ་ཡག་པོ་བཏོན་ནས་ཁུལ་ཁོངས་ཀྱི་ཁྲོམ་ར་གཞི་གཅིག་ཅན་ཏན་ཏིག་བསྐྲུན་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

“ད་ཆ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རྒྱལ་སྤྱིའི་ཚོང་དོན་ལྟ་འདོམས་བྱེད་སྟངས་འགག་སྒྲོལ་བརྒྱུད་རིམ་གཅིག་གྱུར་དང་། ཟོག་འགྲུལ་ཆ་འཕྲིན་མཉམ་སྤྱོད། གློག་རྡུལ་ལག་ཁྱེར་ཕན་ཚུན་ཁས་ལེན་བཅས་བྱུང་ནས་དངོས་ཟོག་འཁོར་རྒྱུག་བྱེད་ཡུན་སྲོལ་རྒྱུན་གྱི་བྱེད་ཐབས་དང་བསྡུར་ན་30%ཡན་ཐུང་དུ་ཕྱིན་ཡོད”ཅེས་ཀྲེ་ཅང་ཉིང་པོ་འཛམ་གླིང་ཚོང་དོན་སྦྲེལ་མཐུད་རྒྱལ་སྤྱིའི་ཚོང་དོན་ཀུང་སིའི་རྒྱལ་སྒྲོལ་ལས་སྒོའི་སྤྱི་ཁྱབ་ལྟ་ཞིབ་པ་ཤེ་ལེང་གིས་མྱོང་ཚོར་ཟབ་མོས་བརྗོད།

ཤེས་ལྡན་པ་འགྲོ་རྒྱུག་མགྱོགས་སུ་བཏང་སྟེ་ཁྲོམ་ར་ལེགས་ཕྱོགས་སུ་སྐྱོད་པར་རམ་འདེགས་བྱས་ཤིང་། ཞིབ་སྤེལ་སྡེ་ཚན་ཧྲང་ཧའེ་རུ་བཙུགས་པ་དང་། ཚན་ཞིབ་མི་སྣ་ས་གནས་དེ་རང་ནས་གདན་དྲངས་པ་ལ་སོགས། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་G60ཚན་རྩལ་གསར་གཏོད་བར་ཁྱམས་རྒྱུད་ཀྱི་གྲོང་ཁྱེར་མང་པོ་ཞིག་ཧྲང་ཧའེ་སུང་ཅང་དུ་ཐོན་ལས་མཐུན་སྦྱོར་གསར་གཏོད་ལྟེ་གནས་བཙུགས་ནས་སྤུས་ལེགས་ཐོན་སྐྱེད་ཀྱི་གཞི་རྒྱུ་གཅིག་སྡུད་བྱས་ཏེ་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱས་ཡོད།

དྲང་གཞག་འགྲན་རྩོད་སྲུང་སྐྱོང་དང“ནང་རྨུག་རྣམ་པའི”འགྲན་རྩོད་བཅོས་སྒྲིག་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བཀག་རྒྱ་མེད་པར་བཟོས་པ།

རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་པར་ཕྱི་ནང་གཉིས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བཏང་བ་དེའང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་པར་བྱེད་པའི་དགོས་མཁོ་ཞིག་རེད།

ཅིང་ཅིན་ཅི་བཅས་ཀྱིས་འཛམ་གླིང་རིམ་པའི་གནམ་ཐང་ཁྱུ་ཚོགས་དང་གྲུ་ཁའི་ཁྱུ་ཚོགས་བསྐྲུན་པ་དང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱིས་རྒྱལ་སྒྲོལ་ཡིད་རྟོན་སྙན་ཞུའི་ཚད་གཞི་ཕན་ཚུན་ཁས་ལེན་ལ་སྐུལ་འདེད་བཏང་བ། 2025ལོར་རྒྱལ་ཡོངས་སུ་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་དུས་མཚུངས་ལས་19.1%འཕར་བ་ལ་སོགས། རང་ངོས་ལ་གཞི་ཚུགས་པ་དང་། གོ་ལ་ཧྲིལ་པོར་ཕྱོགས་པ། སྒོ་མོ་གང་ལེགས་འབྱེད་པ། གཉིས་ཁེ་གཉིས་ཕན་བཅས་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་མཉམ་འགུལ་ཕན་ནུས་ཁྲོད་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་ཡོད།

“ཀྲུང་གོར་མ་འཇོག་བྱེད་པ་ནི་འབྱུང་འགྱུར་ལ་མ་འཇོག་བྱེད་པ་ཞིག་ཡིན”གྲངས་གཞི་གཉིས་ཀྱི་ཁྲོད་ནས་དགེ་མཚན་མཐོང་ཐུབ་པ་སྟེ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཁྲལ་སྡོམ་བྱས་རྗེས་ཀྱི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་དང་པོའི་ནང་ཞུགས་མཁན་རྒྱལ་སྤྱིའི་འགྲེམས་རྫས་སྐབས་གོང་མ་དང་བསྡུར་ན་20%འཕར་ཡོད། ཁྲལ་སྡོམ་བྱས་པ་ནས་ད་ལོའི་ཟླ་5པའི་ཟླ་མཇུག་བར་ཧའེ་ནན་ཁེ་ལས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་54.6%འཕར་ཡོད།

“ཀ་བཞི་གདུང་བརྒྱད”གཞི་རྩའི་ཆ་ནས་བཙུགས་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་མངོན་གསལ་དོད་དུ་ཕྱིན་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་བསྐྲུན་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འདི་ནི་འགག་སྒྲོལ་གྱི་དམག་འཐབ་དང་རྒྱུན་སྲིང་གི་དམག་འཐབ་ཅིག་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་སྐྲུན་པར་འགོག་རྐྱེན་བཟོ་བའི་འགག་གནད་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་ས་གནས་ཀྱི་སྲུང་སྐྱོང་དང་ཁྲོམ་ར་ཁག་བགོས་མེད་པར་བཟོས་ནས་ཚོང་ཟོག་གི་གཞི་རྒྱུའི་ཐོན་ཁུངས་ཁྱབ་ཁོངས་དེ་བས་ཆེ་བའི་ནང་བདེ་བླག་ངང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་ཁ་ཕྱོགས་གསལ་སྟོན་བྱས་ཡོད།