གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་28ཉིན། 08:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱིས་ནུས་གསར་ལྗིད་ཐེག་རླངས་འཁོར་རིམ་རྩིས་བརྒྱབ་ན་ཁྲི་14བཙོངས་པ་དེ་དུས་མཚུངས་ལས་78.6%འཕར་ཡོད།
ད་ལོ་ཟོག་འདྲེན་རླངས་འཁོར་རྙིང་པ་མཁོ་མེད་གསར་བརྗེས་ཀྱི་བྱ་སྤྱོད་མུ་མཐུད་སྤེལ་ནས། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་220བཏང་སྟེ། ཟོག་འདྲེན་རླངས་འཁོར་རྙིང་པ་མཁོ་མེད་གསར་བརྗེས་ལ་རྒྱབ་སྐྱོར་དང་། ལྷག་པར་དུ་ནུས་གསར་ལྗིད་ཐེག་རླངས་འཁོར་གསར་པ་བརྗེ་བར་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ་རེད། གོམ་སྟབས་རྗེས་མར། རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི“འཕྲོ་5འཕྲེད་4གཞུང་5”ཡི་གཙོ་གནད་ལམ་དུམ་ལ་དམིགས་ནས། ཐཱན་མེད་གཞུང་ལམ་གྱི་དབོར་འདྲེན་ལམ་བུ་སྤྱི་ལེ་ཁྲི་3སྐྲུན་རྒྱུ་དང་། གློག་སྒུལ་ལྗིད་ཐེག་རླངས་འཁོར་3000ཡན་གྱི་གློག་གསོག་དང་གློག་རྫས་བརྗེ་ལེན་ས་ཚིགས་བཙུགས་ནས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་རེད།