གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་28ཉིན། 08:59】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6པའི་ཟླ་མཇུག་བར། རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་40.4ཟིན་པ་དེ་དུས་མཚུངས་ལས་10.8%འཕར་ཞིང་། དེའི་ནང་། ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་12.7ཟིན་པ་དེ་དུས་མཚུངས་ལས་15.8%འཕར་བ་དང་། རླུང་གློག་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་6.8ཟིན་པ་དེ་དུས་མཚུངས་ལས་18.5% འཕར་ནས། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སུ་སྒྱུར་བའི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད་པ་རེད།