གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་07ཉིན། 11:02】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་3ཉིན་ནས་ཚེས་9ཉིན་བར། ཉིན་བརྒྱར་ལས་མི་ཁྲི་སྟོང་བསྡུ་བའི་ཆེད་དོན་བྱ་སྤྱོད་ཀྱིས་དྲ་ཐོག་ཏུ་མི་ཐབས་རིག་ནུས་དང་། ནུས་རྒྱུ་གསར་པ། སྨན་བཅོས་འཕྲོད་བསྟེན། ཟོག་འགྲུལ་བཅས་ལས་རིགས་ཀྱི་ཆེད་དོན་ལས་བསྡུའི་བྱེད་སྒོ་ཁག་བཞི་གཉེར་ཞིང་། དེ་ནི་འབྲེལ་ཡོད་མི་ཤུགས་ཐོན་ཁུངས་ཞབས་ཞུ་སྒྲིག་གཞིས་སྒྲིག་འཛུགས་བྱས་པ་དང་། མི་སྤྱོད་ཚན་པ་ཁྱོན་1700ལྷག་ཙམ་ཞུགས་ཤིང་། ལས་བསྡུའི་དགོས་མཁོ་མི་ཐེངས་ཁྲི་21.5ཟིན་ཡོད་པ་རེད།
ཟླ་8ཚེས་6ཉིན་གྱི་དགོང་མོའི་ཆུ་ཚོད་7པར། ལས་ཞུགས་དྲ་ཐོག་ལས་སྟེགས་ཀྱིས“མི་སྤྱི(ལས་ཞུགས)ཅུས་ཀྲང་ཐད་གཏོང་ཁང་དུ་ཡོང་བའི”ཐད་གཏོང་ལས་གནས་ངོ་སྤྲོད་ཀྱི་བྱེད་སྒོ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང(ཅུས)གི་ལས་ཞུགས་ལས་དོན་གྱི་འབྲེལ་ཡོད་འགན་འཁུར་བ་ཐད་གཏོང་ཁང་དུ་ཡོང་ཡོད་པ་རེད། བྱེད་སྒོར་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས། བཟོ་སྐྲུན་ལས་རིགས། ཨར་སྐྲུན་ལས་རིགས། བོགས་གཏོང་དང་ཚོང་དོན་ཞབས་ཞུ་ལས་རིགས་སོགས་ལས་རིགས་ཀྱི་མི་སྤྱོད་ཚན་པ་ཞུགས་ནས། མཉེན་ཆས་གསར་སྤེལ་ལག་རྩལ་ཆེ་མོ་བ་དང་། གསོག་འདྲེན་ལག་རྩལ་ཆེ་མོ་བ། ས་ཁོངས་སྤྱི་གཉེར་བ། ཁྲིམས་རྩོད་པ། གསོ་ཚགས་པ། བཀོལ་སྤྱོད་བཟོ་པ་སོགས་ཀྱི་ལས་གནས་མཁོ་འདོན་བྱས་ཡོད་པ་རེད།