གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་07ཉིན། 14:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཧྲོའར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཧྲེན་ཀྲེན་གྱི་གསར་རྩོམ་བྲོ་གར《ཡུང་ཁྲུན》ཞེས་པ་ཧན་གོ་ཨན་ཏུང་རིག་གནས་སྒྱུ་རྩལ་ཕོ་བྲང་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་ཤིང་། ས་གནས་དེ་གའི་ལྟད་མོ་བ་1200ལྷག་ཙམ་གྱི་ཡིད་དབང་འཕྲོག་ཡོད་པ་རེད།
ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏའེ་པིང་གིས། 《ཡུང་ཁྲུན》འཁྲབ་སྟོན་ཐེངས་དང་པོའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག ཀྲུང་ཧན་རྒྱལ་ཁབ་གཉིས་པོ་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཡིན་ཞིང་། ལོ་ངོ་2000ལྷག་ཙམ་གྱི་ཤེས་དཔལ་སྤེལ་རེས་ཀྱི་ལོ་རྒྱུས་ཡོད་པ་དང་། འོད་སྟོང་འཕྲོ་བའི་ཤར་ཕྱོགས་རིག་གནས་མཉམ་དུ་བཏོད་དེ་མཉམ་སྤྱོད་བྱེད་ཀྱི་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་རྒྱུས་མངའ་དང་། བརྩེ་སེམས་གཅིག་མཐུན། མཛའ་བརྩེ་མཉམ་འགྲོགས་བཅས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།